ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་སི་རི་ཡཱ་ལ་རོགས་སྐྱོར་བྱེད་པའི་སྟབས་བདེ་ཁང་བ་བརྒྱུད་སྤྲོད་བྱེད་པའི་མཛད་སྒོ་ཏཱ་མཱ་ཧྲི་ཀི་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་གི་གློག་འཕྲིན་ལྟར། ཀྲུང་གོའི་སྲིད་གཞུང་གིས་སི་རི་ཡཱ་ལ་རོགས་སྐྱོར་བྱེད་པའི་སྟབས་བདེ་ཁང་བ་ཉིས་བརྒྱ་དང་ཉེར་ལྔ་བརྒྱུད་སྤྲོད་བྱེད་པའི་མཛད་སྒོ་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་སྤེལ་བ་དང་། སི་རི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྲི་ཧོང་ཝེ་དང་སི་རི་ཡཱའི་ས་གནས་དོ་དམ་དང་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཧི་སེ་ཡུན་མཱ་ཧི་ལུའུ་ཧྥུའུ་སོགས་བརྒྱུད་སྤྲོད་མཛད་སྒོར་ཞུགས།

ཧྲི་ཧོང་ཝེ་ཡིས་བསྟན་དོན། སི་རི་ཡཱ་ནི་ཀྲུང་གོའི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོ་ཡིན། ད་ལོའི་ལོ་མགོར་སི་རི་ཡཱ་རུ་ས་ཡོམ་དྲག་པོ་བྱུང་རྗེས། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡཱའི་ཡོམ་འགོག་རྒུད་སྐྱོབ་ལ་རོགས་སྐྱོར་གང་ལེགས་བྱས། མཛེས་སྡུག་གི་ཁྱིམ་གཞིས་བསྐྱར་འཛུགས་བྱེད་སྐབས་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་སི་རི་ཡཱའི་ཕྱོགས་དང་ལག་རྡང་སྦྲེལ་ནས་མཉམ་དུ་བསྐྱོད་བཞིན་ཡོད་ཟེར།

མཱ་ཧི་ལུའུ་ཧྥུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་འདོན་སྤྲོད་བྱས་པའི་རྩ་ཆེ་བའི་རོགས་སྐྱོར་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱི་རོགས་སྐྱོར་དེ་དུས་བསྟུན་ནུས་ཡོད་ཡིན་ལ། གནོད་ཐེབས་མང་ཚོགས་བཀོད་སྒྲིག་དང་གནོད་ཐེབས་ས་ཁུལ་གྱི་རྒྱུན་ལྡན་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པར་ཕན་ཐོགས་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ཡང་བསྐྱར་མངོན་པར་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།