ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་ཆབ་སྲིད་གཅིག་མཐུན་ཚོགས་པའི་མགོ་ཁྲིད་མི་སྣའི་གྲོས་ཚོགས་སྐབས་གཉིས་པ་དེ་མའོ་ཨར་ཏའོ་ཝ་རུ་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས1ཉིན། ཡོ་རོབ་གླིང་ཆབ་སྲིད་གཅིག་མཐུན་ཚོགས་པའི་མགོ་ཁྲིད་མི་སྣའི་གྲོས་ཚོགས་སྐབས་གཉིས་པ་དེ་མའོ་ཨར་ཏའོ་ཝའི་པུ་ཨར་པའོ་ཨ་ཁུ་རུ་བསྡུས། ཡོ་རོབ་གླིང་གི་རྒྱལ་ཁབ་དང་ས་ཁུལ་གྱི་མགོ་ཁྲིད་མི་སྣ50ལྷག་ཚོགས་འདུར་ཞུགས་ཏེ། ཡོ་རོབ་གླིང་གི་བདེ་འཇགས་དང་ནུས་ཁུངས། མཉམ་འབྲེལ་མཉམ་མཐུད་སོགས་ཀྱི་ཐད་ལ་གྲོས་བསྡུར་བྱས། 

མའོ་ཨར་ཏའོ་ཝའི་ཙུང་ཐུང་སུན་ཏུའུ་ཡིས་མགོ་རྩོམ་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་སྐབས། ཐེངས་འདིའི་གྲོས་ཚོགས་འཚོགས་པ་བརྒྱུད་ཡོ་རོབ་གླིང་གི་རྒྱལ་ཁབ་ཕན་ཚུན་བར་བདེ་འཇགས་དང་ནུས་ཁུངས། མཉམ་འབྲེལ་མཉམ་མཐུད་སོགས་ཀྱི་གནད་དོན་ལ་ཐག་གཅོད་བྱེད་པའི་ཐད་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད། 

ངོ་སྤྲོད་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ཀྱིས་ཡོ་རོབ་གླིང་སྐམ་ས་ཆེན་མོའི་བདེ་འཇགས་སོགས་ཀྱི་གྲོས་གཞིར་འཐབ་ཇུས་རང་བཞིན་གྱི་གླེང་མོལ་གནང་རྒྱུ་རེད། 

དབྱི་ཞིབ་མི་སྣ་རྣམས་ཀྱིས། ཐེངས་འདིའི་གྲོས་ཚོགས་ཀྱི་འཚོགས་ཡུན་ཉིན་གཅིག་ལས་མེད་ནའང་། ཚོགས་ཞུགས་ཀྱི་མགོ་ཁྲིད་མི་སྣས་ཡོ་རོབ་གླིང་གིས་གདོང་གཏོད་དགོས་པའི་འགྲན་སློང་དང་གནད་དོན་ཐག་གཅོད་ཀྱི་ཇུས་གཞི་བཟོ་དཀའ་མོད། མཚོན་བྱེད་ཀྱི་དོན་སྙིང་དེ་དངོས་ཡོད་ཀྱི་དོན་སྙིང་ལས་ཆེ་བར་འདོད།

2022ལོའི་ཟླ5པར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་ཡོ་རོབ་གླིང་ཆབ་སྲིད་གཅིག་མཐུན་ཚོགས་པ་འཛུགས་པའི་གྲོས་མགོ་བཏོན་ཞིང་། ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཡོ་རོབ་མནའ་འབྲེལ་མིན་པའི་རྒྱལ་ཁབ་དང་ས་ཁུལ་བར་ཆབ་སྲིད་མཉམ་ལས་ཀྱི་བར་སྟོང་གསར་པ་འཚོལ་ཞིབ་བྱེད་ཆོག་པ་རེད། 2022ལོའི་ཟླ10པར་ཡོ་རོབ་ཀྱི་ཆབ་སྲིད་གཅིག་མཐུན་ཚོགས་པའི་མགོ་ཁྲིད་མི་སྣའི་གྲོས་ཚོགས་སྐབས་དང་པོ་དེ་ཅེ་ཁེ་རྒྱལ་ཁབ་ཀྱི་རྒྱལ་ས་པུའུ་ལ་ཀེ་ནས་འཚོགས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།