ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུ་ཡིས“ཡར་ཐོནMS-23”རྟགས་ཅན་གྱི་དངོས་འདྲེན་འཕུར་གྲུ་འཕེན་གཏོང་བྱས་པ་ལེགས་འགྲུབ་བྱུང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5པའི་ཚེས24ཉིན། ཨུ་རུ་སུ་ཡིས“ཡར་ཐོནMS-23”རྟགས་ཅན་གྱི་དངོས་འདྲེན་འཕུར་གྲུ་འཕེན་གཏོང་བྱས་པ་ལེགས་འགྲུབ་བྱུང་སྟེ། རྒྱལ་སྤྱིའི་བར་སྣང་ས་ཚིགས་ལ་དངོས་རྫས་སྐྱེལ་འདྲེན་བྱས། 

ཨུ་རུ་སུའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཀུང་སིའི་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། མོ་སི་ཁོའི་དུས་ཚོད་ཚེས24ཉིན་གྱི་ཆུ་ཚོད15དང་སྐར་མ56ཐོག“ཡར་ཐོནMS-23”རྟགས་ཅན་གྱི་དངོས་འདྲེན་འཕུར་གྲུ་ཡིས“མནའ་འབྲེལ-2.1a”རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཧ་སག་སི་ཐན་མངའ་ཁོངས་ཀྱི་པའེ་ཁོ་ནུ་ཨར་འཕེན་གཏོང་ལྟེ་གནས་ནས་མཁའ་དབྱིངས་སུ་བཏང་ཞིང་། སྐར་མ9ཡི་རྗེས་སུ་སྔོན་ལ་གཏན་འཁེལ་བྱས་པའི་འཁོར་ལམ་སྟེང་བདེ་བླག་ངང་འཕུར་སྐྱོད་བྱེད་ཐུབ་པ་བྱུང་། ཆུ་ཚོད3དང་སྐར་མ25ལྷག་འཕུར་སྐྱོད་བྱས་མཐར“ཡར་ཐོནMS-23”རྟགས་ཅན་གྱི་དངོས་འདྲེན་འཕུར་གྲུ་དེ་རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱི་ཨུ་རུ་སུའི་གྲུ་ཚང་གི“འཚོལ་བཤེར”རྟགས་ཅན་གྱི་དཔེ་དུམ་དང་སྦྲེལ་མཐུད་བྱེད་ཐུབ་པ་བྱུང་། 

རྒྱུས་ལོན་པ་ལྟར་ན། “ཡར་ཐོནMS-23”དངོས་འདྲེན་འཕུར་གྲུ་འདིས་རྒྱལ་སྤྱིའི་བར་སྣང་ས་ཚིགས་ལ་དངོས་རྫས་ཏུན2.5སྐྱེལ་བ་རེད། དེའི་ནང་སྒྲིག་ཆས་དང་འབར་རྫས། བཙིར་མནོན་ཏཱན་དབུགས། ཆུ། གོན་པ། ཟས་རིགས་སོགས་འདུས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།