ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རན་གྱིས་སོ་ཏི་ཨ་རབ་ཏུ་སྡོད་པའི་གཞུང་ཚབ་ཆེན་མོ་བ་བསྐོ་གཞག་གནང་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས23ཉིན། དབྱི་རན་ཧྥ་ཨེར་སི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་རན་གྱིས་ཨ་ལི-ལི་ས·ཨའེ་ན་ཡ་ཐི་ལ་སོ་ཏི་ཨ་རབ་ཏུ་སྡོད་པའི་གཞུང་ཚབ་ཆེན་མོ་བར་བསྐོ་གཞག་གནང་།

བསྒྲགས་པའི་གནས་ཚུལ་ནང་ད་དུང་ཨའེ་ན་ཡ་ཐི་ཡིས་དེ་སྔོན་ཁུ་ཝེ་ཐེར་སྡོད་པའི་དབྱི་རན་གྱི་གཞུང་ཚབ་ཆེན་མོ་བ་དང་ཕྱི་འབྲེལ་པུའུ་ཀྲང་གི་ལས་རོགས་པ་སོགས་ཀྱི་འགན་འཁུར་མྱོང་བར་བཤད།

སོ་ཏི་ཨ་རབ་དང་དབྱི་རན་གཉིས2016ལོར་ཕྱི་འབྲེལ་བྱེད་མཚམས་ཆད་པ་རེད། ཀྲུང་གོའི་རྒྱབ་སྐྱོར་འོག་སོ་ཏི་ཨ་རབ་དང་དབྱི་རན་རྒྱལ་ཁབ་གཉིས་ཀྱི་འཐུས་མིས་ད་ལོའི་ཟླ3པའི་ཚེས6ཉིན་ནས་ཚེས10ཉིན་བར་པེ་ཅིང་དུ་གླེང་མོལ་བྱས་པ་བརྒྱུད། ཀྲུང་གོ་དང་སོ་ཏི་ཨ་རབ། དབྱི་རན་བཅས་ཕྱོགས་གསུམ་ཀྱིས་མིང་རྟགས་བཀོད་པ་མ་ཟད་མཉམ་འབྲེལ་སྒོས་གསལ་བསྒྲགས་སྤེལ་ཏེ། སོ་ཏི་ཨ་རབ་དང་དབྱི་རན་གཉིས་བར་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱ་རྒྱུའི་མོས་མཐུན་བྱུང་ཞིང“པེ་ཅིང་གྲོས་མཐུན”བཞག

ཟླ4པའི་ཚེས6ཉིན། སོ་ཏི་ཨ་རབ་དང་དབྱི་རན་གཉིས་ཀྱིས་མཉམ་འབྲེལ་སྒོས་གསལ་བསྒྲགས་སྤེལ་ཏེ་ཉིན་དེ་ནས་བཟུང་རྒྱལ་ཁབ་གཉིས་བར་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱུང་བ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།