ཀུའེ་ཡ་ནའི་སློབ་འབྲིང་ཞིག་གི་ཉལ་ཁང་དུ་མེ་སྐྱོན་བྱུང་སྟེ་ཉུང་མཐར་ཡང་མི20ཚེ་ལས་འདས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆའོ་ཀྲི་ཏུན་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཀུའེ་ཡ་ན་སྲིད་གཞུང་གིས་ཟླ5པའི་ཚེས22ཉིན་སྨྱན་བྱད་ཀྱིས་སྤེལ་བའི་སྤྱི་བསྒྲགས་ལ་ར་སྤྲོད་བྱས་དོན། རྒྱལ་ཁབ་དེའི་དབུས་རྒྱུད་ཀྱི་སློབ་འབྲིང་ཞིག་གི་ཉལ་ཁང་དུ་ཚེས21ཉིན་གྱི་དགོང་མོར་མེ་སྐྱོན་བྱུང་སྟེ་ཉུང་མཐར་ཡང་མི20ཚེ་ལས་འདས་པ་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད།

སྤྱི་བསྒྲགས་ནང་། མེ་སྐྱོན་བྱུང་སའི་སློབ་འབྲིང་དེ་ཀུའེ་ཡ་ནའི་དབུས་རྒྱུད་གྲོང་ཁྱེར་ཏེ་མཱ་ཏི་ཡ་རུ་གནས་ཤིང་། སློབ་གྲྭ་དེ་གཙོ་བོར་རང་ས་གནས་ཀྱི་ལོ12ནས་ལོ18བར་གྱི་སློབ་མ་བསྡུས་ཡོད།

མེ་སྐྱོན་བྱུང་རྗེས་ཀུའེ་ཡ་ནའི་སྲིད་གཞུང་གིས་མཱ་ཏི་ཡ་ལ་གྱེན་འཕུར་གནམ་གྲུ་དང་སྨན་བཅོས་མི་སྣ་མང་པོ་མངགས་ནས་རོགས་སྐྱོབ་བྱས་ལ། མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད།

ཀུའེ་ཡ་ནའི་ཙུང་ཐུང་ཨ་ལི་ཡིས་མེ་སྐྱོན་གྱི་བྱུང་རྐྱེན་ལ་བརྟག་དཔྱད་མཐར་ཕྱིན་པ་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།