ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་མཁའ་དམག་གི་གྱེན་འཕུར་གནམ་གྲུ་གཉིས་སྦྱོང་བརྡར་བྱེད་སྐབས་རྡུང་ཐུག་བརྒྱབ་པ་ལས་མི9ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས30ཉིན། ཨ་རིའི་མཁའ་དམག་གི་གནམ་མཆོང་ཧྲི101པས་ཚེས29ཉིན་གྱི་དགོང་མོར“གླག་ནག”རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་གཉིས་ཁན་པེ་ཨར་པའོ་ཡི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ48མཚམས་སུ་སར་ལྷུང་བ་གཏན་ཁེལ་བྱས།

ཚེས30ཉིན། ཨ་རིིའི་སྨྱན་བྱད་ཀྱིས་ཨ་རིའི་དམག་ཕྱོགས་ཀྱི་དཔོན་རིགས་ཞིག་གིས་བཤད་པའི་སྐད་ཆ་དྲངས་ཏེ། གྱེན་འཕུར་གནམ་གྲུ་ནང་གི་མི9བོ་ཚང་མ་རྐྱེན་ལམ་དུ་ཤོར་བར་བཤད།

ཨ་རིའི་མཁའ་དམག་གི་གནམ་མཆོང་ཧྲི101པའི་བཀོད་འདོམས་པ་གཞོན་པ་ཡའོ་ཧན·ལུའུ་པ་སི་ཡིས་ཚེས30ཉིན་གྱི་སྔ་དྲོར་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་། “གླག་ནག”རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་གཅིག་གི་ནང་མི5དང་གཞན་གཅིག་གི་ནང་མི4ཡོད་ལ། དམག་སྦྱོང་བྱེད་སྐབས་དོན་རྐྱེན་དེ་བྱུང་བར་བཤད་ལ། འབྲེལ་ཡོད་སྡེ་ཁག་གིས་ཐེངས་འདིའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་རེད།

ཨ་རིའི་དམག་ཕྱོགས་ཀྱིས་ཚེས29ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཉིན་དེའི་དགོང་མོའི་ཆུ་ཚོད10ཡས་མས་སུ“གླག་ནག”རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་གཉིས་ཁུན་ཐ་ཅི་མངའ་སྡེའི་ཐི་ལི་གེ་རྫོང་ཁོངས་སུ་རྒྱུན་ལྡན་གྱི་སྦྱོང་བརྡར་བྱེད་སྐབས་རྡུང་ཐུག་བརྒྱབ་པ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།