ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཁྭ་ཏོར་དབུས་རྒྱུད་ཀྱི་རི་ཉིལ་ནས་ཉུང་མཐར་ཡང་མི16ཤི་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།     ཨེ་ཁྭ་ཏོར་རྒྱལ་ཁབ་ཉེན་ཁ་དོ་དམ་དྲུང་ཡིག་ཁྲུའུ་ཡིས་ཚེས27ཉིན་སྤྱི་བསྒྲགས་སྤེལ་ནས། ཚེས26ཉིན་གྱི་དགོང་མོར་རྒྱལ་ཁབ་དེའི་དབུས་རྒྱུད་ཆིན་པོ་ལ་སུའོ་ཞིང་ཆེན་ཨ་ལའོ་ཤིས་ས་ཁུལ་དུ་རི་ཉིལ་ནས་ཉུང་མཐར་ཡང་མི16རྐྱེན་ལམ་དུ་ཤོར་བ་དང་མི16ལ་རྨས་སྐྱོན་ཕོག་ལ།    གཞན་མི7གར་སོང་མེད་པར་གྱུར།    

སྤྱི་བསྒྲགས་ནང་རི་ཉིལ་བའི་རྐྱེན་གྱིས་བགྲོད་ལམ་སྨི150ལ་གནོད་འཚེ་ཕོག་པ་དང་ཁང་པ163ལ་ཤུགས་རྐྱེན་ཕོག་ཡོད་ཅེས་འཁོད་ཡོད་པ་རེད།     སྲིད་གཞུང་གིས་གནོད་འཚེ་ཕོག་ཁུལ་དུ་གནས་སྐབས་བཀོད་སྒྲིག་བྱ་ཡུལ་བཙུགས་ཡོད།    

ཨེ་ཁྭ་ཏོར་གྱི་ཙུང་ཐུང་ལཱ་སུའོ་ཡིས་ཚེས27ཉིན་སྨྱན་སྦྱད་བརྒྱུད་དེ་བཤད་རྒྱུར།  སྲིད་གཞུང་གིས་དྲག་ཆས་དཔུང་སྡེ་དང་རྒྱལ་ཁབ་ཉེན་རྟོག་པ། སྤྱི་པའི་འཕྲོད་བསྟེན་ལས་ཁུངས། ས་ཆ་མང་པོའི་མེ་འགོག་མེ་གསོད་བཅས་ཀྱི་སྟོབས་ཤུགས་སྐོང་འཐེན་བྱས་ནས་འཚོལ་སྐྱོབ་དང་བཀོད་སྒྲིག་ལས་དོན་ནང་ཞུགས་སུ་བཅུག་ཡོད་ཅེས་བཤད་པ་རེད།    

ཨ་ལའོ་ཤིས་ས་ཁུལ་གྱི་གནམ་གཤིས་བརླན་གཤེར་ཆེ་བ་དང་ཆར་ཆུ་མང་བའི་དབང་གིས། ས་ཆ་དེར་ཟླ2པའི་ཟླ་དཀྱིལ་དུ་རི་ཉིལ་བའི་ཉེན་བརྡ་སེར་པོ་བཏང་ཡོད།    །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།