ཀྲུང་གོ་བོད་ཀྱི་དྲ་བ།

ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་སུའོ་ལུའོ་མོན་གླིང་ཚོམ་གྱི་ཉེ་འགྲམ་མཚོ་ཁོངས་སུ་ས་ཡོམ་རིམ་པ6.1བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧོ་ཉི་ཡ་ལ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན།    ཚེས28ཉིན་ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་སུའོ་ལུའོ་མོན་གླིང་ཚོམ་གྱི་ཉེ་འགྲམ་མཚོ་ཁོངས་སུ་ས་ཡོམ་རིམ་པ6.1བྱུང་ཞིང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་བྱུང་མེད།     

ཨ་རིའི་ས་གཤིས་བརྟག་དཔྱད་ཅུའུ་ཡི་ས་ཡོམ་ཆ་འཕྲིན་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན།    ཐེངས་འདིའི་ས་ཡོམ་ས་གནས་དེ་གའི་དུས་ཚོད་ཚེས28ཉིན་གྱི་ཆུ་ཚོད9དང་སྐར་མ19(པེ་ཅིང་གི་དུས་ཚོད་ཆུ་ཚོད6དང་སྐར་མ19)སྟེང་བྱུང་བ་དང་།    ས་ཡོམ་ལྟེ་བ་ནི་རྒྱལ་ས་ཧོ་ཉི་ཡ་ལའི་ནུབ་བྱང་རྒྱུད་ཀྱི་སྤྱི་ལེ176ལྷག་ཡིན་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ86ཡོད།    

ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཡོམ་ཉེན་ཟོན་སྔོན་བརྡ་ལྟེ་གནས་ཀྱིས་ཐེངས་འདིའི་ས་ཡོམ་ལ་དམིགས་ནས་མཚོ་ཡོམ་གྱི་ཉེན་ཟོན་སྔོན་བརྡ་བཏང་མེད། །   

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།