ཀྲུང་གོ་བོད་ཀྱི་དྲ་བ།

མོ་ཞི་ཁོའི་མཐའ་མཚམས་ཀྱི་གནས་སྤོ་ཡུལ་མི་ཁུལ་ཞིག་ཏུ་མེ་སྐྱོན་བྱུང་སྟེ་མི39ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས28ཉིན། མོ་ཞི་ཁོ་རྒྱལ་ཁབ་གནས་སྤོ་ཡུལ་མི་ཅུའུ་ཡིས་སྤྱི་བསྒྲགས་སྤེལ་ནས་བཤད་དོན། མོ་ཞི་ཁོ་བྱང་རྒྱུད་ཀྱི་ཆི་ཝ་ཝ་མངའ་སྡེའི་མཐའ་མཚམས་གྲོང་ཁྱེར་ཏེ་ཧྭ་ལའེ་སིའི་གནས་སྤོ་ཡུལ་མི་ཁུལ་ཞིག་ཏུ་མེ་སྐྱོན་བྱུང་སྟེ་མི39ཚེ་ལས་འདས་པ་དང་མི29ལ་རྨས་ལྗིད་མོ་ཕོག་པ་རེད།

སྤྱི་བསྒྲགས་ནང་། མེ་སྐྱོན་དེ་གནས་སྤོ་ཡུལ་མིའི་འདུག་གནས་སུ་བྱུང་ཞིང་། རྨས་མ་ཚང་མ་ས་གནས་དེ་གའི་སྨན་ཁང4ནང་སྨན་བཅོས་བྱེད་བཞིན་ཡོད་པ་རེད། རྒྱལ་ཁབ་གནས་སྤོ་ཡུལ་མི་ཅུའུ་ཡིས་འབྲེལ་ཡོད་སྡེ་ཁག་ལ་ཞིབ་བཤེར་རོགས་སྒྲུབ་བྱེད་དགོས་པའི་རེ་བ་བཏོན་པ་རེད། 

ངོ་སྤྲོད་གནང་བ་ལྟར་ན། གནས་སྤོ་ཡུལ་མིའི་སྡོད་ཁང་འདི་ནི་ཧྭ་ལའེ་སི་གྲོང་ཁྱེར་ནས་ཨ་མེ་རི་ཁར་བསྐྱོད་པའི་མཐའ་མཚམས་སུ་གནས་ཤིང་། དོན་རྐྱེན་བྱུང་དུས་སྡོད་ཁང་དུ་གནས་སྤོ་ཡུལ་མི68ཡོད་པ་རེད། 

མི་ཞི་ཁོའི་ཙུང་ཐུང་ལའོ་ཕའེ་སི་ཡིས་ཚེས28ཉིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྟེང་། གནས་སྤོ་ཡུལ་མིའི་སྡོད་ཁང་དུ་ཡོད་པའི་ལྐོག་བརྒལ་མི་སྣས་ཕྱིར་རང་རྒྱལ་དུ་ལོག་དགོས་པ་ཤེས་རྗེས། སྡོད་ཁང་ཧྲིལ་བོ་བཀག་སྡོམ་བྱས་ཤིང་མེ་བཏང་ནས་ངོ་རྒོལ་བྱས་པ་ཡིན་མོད། མཐའ་མར་ཚོད་འཛིན་བྱེད་ཐབས་མེད་པར་གྱུར་བ་རེད་ཅེས་བཤད། 

ཧྭ་ལའེ་སི་ནི་མོ་ཞི་ཁོ་མཐའ་མཚམས་ཀྱི་གྲོང་ཁྱེར་གལ་ཆེན་དང་ཨ་མེ་རི་ཁ་གླིང་དབུས་ཤར་གྱི་གནས་སྤོ་ཡུལ་མི་རྣམས་ཨ་མེ་རི་ཁར་འགྲོ་བའི་བགྲོད་ལམ་གལ་ཆེན་གྲས་ཀྱི་ཅིག་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།