ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གིས་ཐེ་ཀུའུ་ཞི་ཅ་ཨར་པ་རུ་ཡན་ལག་ཁང་བཙུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧུང་ཏུའུ་ལ་སི་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཟླ3པའི་ཚེས27ཉིན། ཐེ་ཀུའུ་ཞི་ཅ་ཨར་པ་རུ་ཞིན་ཧྭ་གསར་འགྱུར་ཁང་གི་ཡན་ལག་ཁང་བཙུགས་པ་རེད།

ཚེས26ཉིན། ཀྲུང་གོས་ཧུང་ཏུའུ་ལ་སི་སྲིད་གཞུང་དང་མཉམ་དུ་ཕྱི་འབྲེལ་སྤྱི་བསྒྲགས་སྟེང་མིང་རྟགས་བཀོད་དེ་རྒྱལ་ཁབ་གཉིས་བར་ཕྱི་ཕྱོགས་ཀྱི་འབྲེལ་བ་བཙུགས་པ་རེད། ཧུང་ཏུའུ་ལ་སིའི་འཐབ་ཇུས་འཆར་གཞི་པུའུ་ཡི་པུའུ་ཀྲང་ལི་ཁ་ཏུའོ·ས་ཨར་ཅ་ཏུའོ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲིར་དང་ལེན་བྱེད་སྐབས། ཞིན་ཧྭ་གསར་འགྱུར་ཁང་ཚུད་པའི་ཀྲུང་གོའི་སྨྱན་བྱད་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད། ཧུང་ཏུའུ་ལ་སི་རུ་ཞིན་ཧྭ་གསར་འགྱུར་ཁང་གི་ཡན་ལག་ཁང་འཛུགས་པར་དགའ་བསུ་དང་གདན་འདྲེན་ཞུས་པ་ཡིན་ཞེས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཚོགས་ཆུང་ས་གནས་དེ་གའི་ཟླ3པའི་ཚེས25ཉིན་ཐེ་ཀུའུ་ཞི་ཅ་ཨར་ནས་གསར་འགྱུར་བཅར་འདྲི་བྱེད་མགོ་ཚུགས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་རྗེས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཧུང་ཏུའུ་ལ་སིའི་ཆབ་སྲིད་མི་སྣ་དང་ཆེད་མཁས་པ། མང་ཚོགས་བཅས་ལ་བཅར་འདྲི་བྱས་པ་ན། བཅར་འདྲིར་དང་ལེན་བྱེད་མཁན་ཚང་མས་ཀྲུང་གོ་དང་ཧུང་ཏུའུ་ལ་སི་བར་ཕྱི་འབྲེལ་བཙུགས་པར་གདེང་འཇོག་ཆེན་པོ་གནང་བཞིན་ཡོད་པ་རེད། 

ཐེ་ཀུའུ་ཞི་ཅ་ཨར་པ་རུ་སྡོད་པའི་ཞིན་ཧྭ་གསར་འགྱུར་ཁང་གི་ཡན་ལག་ཁང་ནི་འཛམ་གླིང་ནས་ཡན་ལག་ཁང་བཙུགས་ཐེངས182པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།