ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཐེན་ན་ཞི་མངའ་སྡེའི་སློབ་ཆུང་ཞིག་ཏུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ལས་མི7རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས27ཉིན། ཨ་མེ་རི་ཁའི་ཐེན་ན་ཞི་མངའ་སྡེ་ན་ཧྲི་ཝེ་ཨར་གྲོང་ཁྱེར་གྱི་སློབ་ཆུང་ཞིག་ཏུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། བྱིས་པ3ཚུད་པའི་མི6རྐྱེན་ལམ་དུ་ཤོར་བ་དང་། ལག་དམར་ཉེན་རྟོག་པས་བསད། 

ན་ཧྲི་ཝེ་ཨར་གྲོང་ཁྱེར་གྱི་ཉེན་རྟོག་པས་གསལ་བསྒྲགས་སྤེལ་དོན། ས་གནས་དེ་གའི་ཆུ་ཚོད10དང་སྐར་མ13སྟེང་། ཉེན་རྟོག་ཕྱོགས་ལ་ཉེན་ཟོན་ཁ་པར་འབྱོར་ཏེ། ལོ་ན28ཡིན་པའི་སྐྱེས་མ་ཞིག་གིས་ཕར་རྒོལ་རང་བཞིན་གྱི་མེ་མདའ་གཉིས་དང་དཀྲུམ་མདའ་གཅིག་བཅས་བཟུང་ནས་སློབ་ཆུང་ཞིག་ཏུ་མེ་མདའ་བརྒྱབ་སྟེ་བྱིས་པ3དང་དར་མ3བཅས་བསད། ལག་དམར་ཡུལ་དངོས་ནས་ཉེན་རྟོག་པས་བསད་པ་རེད། 

རྒྱུས་ལོན་པ་ལྟར་ན། སློབ་ཆུང་འདི་ནི་སྒེར་བཙུགས་ཆོས་ཚོགས་ཀྱིས་བཙུགས་པའི་སློབ་གྲྭ་ཞིག་ཡིན་ལ། སློབ་སྔོན་འཛིན་གྲྭ་ནས་སློབ་རིམ6པའི་བར་གྱི་སློབ་མ་ཕལ་ཆེར200ལྷག་ཡོད། 

ཨ་མེ་རི་ཁའི“མེ་མདའི་དྲག་ཤུགས་ཡིག་ཚགས”དྲ་བའི་སྟེང་བཀོད་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཚེས27ཉིན་བར། ཨ་མེ་རི་ཁ་རུ་ད་ལོར་མི9800ལྷག་མེ་མདའི་དྲག་ཤུགས་ལས་ཚེ་སྲོག་ཤོར་ཞིང་། དེའི་ཁྲོད་བྱིས་པ་དང་ལོ་ཆུང་གཞོན་ནུ400ལྷག་ཚུད་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།