ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཧྲུའུ་ལའེ་ཡིས་སི་ཕེན་གྱི་གཡོན་རུ་སྲིད་ཏང་དང་རིག་མཛོད། སྨྱན་བྱད་བཅས་ཀྱི་རྟོག་ཞིབ་ཚོགས་པར་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལའེ་ཡིས་པེ་ཅིན་དུ་སི་ཕེན་གུང་ཁྲན་ཏང་གི་ཀྲུའུ་ཞི་སིན་ཐི་ལི་ཡ་ཡིས་སྣེ་ཁྲིད་པའི་སི་ཕེན་གྱི་གཡོན་རུ་སྲིད་ཏང་དང་རིག་མཛོད། སྨྱན་བྱད་བཅས་ཀྱི་རྟོག་ཞིབ་ཚོགས་པར་ཐུག་འཕྲད་གནང་། 

ལི་ཧྲུའུ་ལའེ་ཡིས། ཀྲུང་གོ་དང་སི་ཕེན་གཉིས་ཀྱི་མཛའ་བཤེས་རྒྱུན་རིང་བ་ཡིན། རྒྱལ་ཁབ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥེ་ལི་པའེ་སྐུ་ཕྲེང་དྲུག་པའི་རྒྱལ་བོ་བར་ཆགས་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཏན་ཏིག་སྒོས་དངོས་འབེབས་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་ཡུར་དུ་ཟ་བ་བླངས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་སི་ཕེན་གྱི་གཡོན་རུ་སྲིད་ཏང་དང་བསམ་བློ་བརྗེ་རེས་བྱེད་པར་ཤུགས་བསྣན་རྒྱུ་དང་། ཤེས་རིག་དཔྱད་གཞིར་འཛིན་རེས་དང་མི་ཆོས་རིག་གནས་བརྗེ་རེས་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་སི་ཕེན་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་འབྲེལ་བར་སྒུལ་ཤུགས་གསར་བ་སྣོན་རྒྱུ་ཡིན་ཞེས་བསྟན། 

སིན་ཐི་ལི་ཡ་ཡིས། སི་ཕེན་གྱི་གཡོན་རུ་སྲིད་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་མཛའ་གྲོགས་ཀྱི་འབྲེལ་བར་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་སྒོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།