ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཐའེ་ཝན་གནད་དོན་ཐད་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཚུལ་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས23ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལའོ་ཝ་ཡིས་ཨུ་རུ་སུས་ཐའེ་ཝན་གནད་དོན་ཐད་ལངས་ཕྱོགས་ཅི་ཞིག་བཟུང་ཡོད་པའི་སྐོར་ནས་དཔྱད་བརྗོད་སྤེལ་སྐབས། ཨུ་རུ་སུས་ནམ་ཡང་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཚུལ་བསྟན།

ཀྲ་ཧ་ལའོ་ཝ་ཡིས་ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་བཤད་རྒྱུར། “ཨུ་རུ་སུས་ཐའེ་ཝན་གནད་དོན་ཐད་བཟུང་བའི་ལངས་ཕྱོགས་ནི2001ལོའི་ཟླ7པའི་ཚེས16ཉིན་མིང་རྟགས་བཀོད་པའི《ཨུ་ཀྲུང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག》ནང་རྒྱས་བཤད་གནང་བ་ལྟར་ཡིན”ལ། ལངས་ཕྱོགས་དེ་ནི་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མི་སྣས་གླེང་མོལ་གནང་རྗེས་མིང་རྟགས་བཀོད་པ་ཡིན་ལ། དུས་རབས་གསར་བའི་ཕྱོགས་ཡོངས་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ནང་དུའང་གསལ་བོ་བྲིས་ཡོད་ཅེས་ནན་གྱིས་གསུངས། 

ཀྲ་ཧ་ལའོ་ཝ་ཡིས་ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་གནད་དོན་ཡོད་ཚད་ཐད་ཕྱི་འབྲེལ་མཐུན་སྦྱོར་གྱི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།