ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཀེན་ཐིན་གྱིས་སླར་ཡང་མེ་གླིང་ལྷོ་མའི་མནའ་འབྲེལ་རྒྱལ་ཁབ་ཁྲོད་ཞུགས་རྒྱུ་ཡིན་པར་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : དངོས་སྦྱོང་སློབ་མ་ཚེ་རིང་མཚོས་བསྒྱུར།   སྤེལ་དུས། : 2023-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏུ་སི་ཡིས་ཚེས21ཉིན། ཨ་ཀེན་ཐིན་སླར་ཡང་མེ་གླིང་ལྷོ་མའི་མནའ་འབྲེལ་རྒྱལ་ཁབ་ཁྲོད་ཞུགས་རྒྱུ་ཡིན་པར་ཁྱབ་བསྒྲགས་བྱས།

ཧྥེ་ཨེར་ནན་ཏུ་སི་ཡིས་ཉིན་དེར་ཨ་ཀེན་ཐིན་ཙུང་ཐུང་ལས་ཤག་ཏུ་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ནང་།  ལ་ཏིན་མེ་གླིང་གི་རྒྱལ་ཁབ་ཚང་མ་སྐྱིད་སྡུག་མཉམ་གནས་ཡིན་སྟབས།  མཐུན་སྒྲིལ་ལ་ཤུགས་བསྣན་ནས་མགྱོགས་མྱུར་ངང་མེ་གླིང་ལྷོ་མའི་མནའ་འབྲེལ་རྒྱལ་ཁབ་སླར་གསོ་བྱེད་དགོས་ཞེས་བཤད། 

མེ་གླིང་ལྷོ་མའི་མནའ་འབྲེལ་རྒྱལ་ཁབ་ནི2008ལོའི་ཟླ5པར་བཙུགས་ཤིང་། དེ་ནི་པོ་ལི་ཝེ་ཡ་དང་ཁོ་ལོམ་པི་ཡ། ཨེ་ཁྭ་ཏོ་ཨར། ཕེ་རུ། ཝེ་ནེ་ཙུའེ་ལ། ཨ་ཀེན་ཐིན། པར་ཙིར། ཝུ་ར་ཀུའེ། པ་ལ་ཀུའེ། ཆི་ལི། ཀུའེ་ཡ་ན། སུའུ་ལི་ནན་བཅས་ཁོངས་མིའི་རྒྱལ་ཁབ12ལས་གྲུབ་པ་ཞིག་རེད། 2018ལོ་ནས་བཟུང་ཨ་ཀེན་ཐིན་དང་པར་ཙིར་སོགས་རྒྱལ་ཁབ8རིམ་བཞིན་མེ་གླིང་ལྷོ་མའི་རྒྱལ་ཁབ་ཀྱི་མནའ་འབྲེལ་ལས་ཕྱིར་བུད་པའམ་ཡང་ན་ཁོངས་མིའི་རྒྱལ་ཁབ་གྱི་ཐོབ་ཐང་མཚམས་བཞག་པ་རེད། 

ད་ལོའི་ཟླ1པོའི་ཚེས23ཉིན། ཧྥེ་ཨར་ནན་ཏུ་སི་དང་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་གཉིས་ཨ་ཀེན་ཐིན་ཙུང་ཐུང་ལས་ཤག་ཏུ་ཐུག་འཕྲད་གནང་སྐབས། ཕྱོགས་གཉིས་ཀྱིས་ལྷོ་ཕྱོགས་ཀྱི་ཐུན་མོང་ཁྲོམ་རའི་ནུས་པ་ཆེ་རུ་བཏང་ནས།  མེ་གླིང་ལྷོ་མའི་མནའ་འབྲེལ་རྒྱལ་ཁབ་བསྐྱར་དུ་སླར་གསོ་བྱ་རྒྱུ་དང་། མེ་གླིང་ལྷོ་མའི་ཐུན་མོང་དངུལ་ལོར་འཛུགས་པའི་སྐོར་གྱི་གྲོས་བསྡུར་ལ་སྐུལ་འདེད་གཏོང་འདོད་ཡོད་ཚུལ་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།