ཀྲུང་གོ་བོད་ཀྱི་དྲ་བ།

ཁོ་ལོམ་པི་ཡའི་གྱེན་འཕུར་གནམ་གྲུ་ཞིག་སར་ལྷུང་སྟེ་དམག་མི4བོ་ཚང་མ་ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོ་ལོམ་པི་ཡའི་ཙུང་ཐུང་ཕའེ་ཐུ་ལའོ་ཡིས་ཟླ3པའི་ཚེས19ཉིན་བཤད་རྒྱུར། དམག་སྤྱོད་གྱེན་འཕུར་གནམ་གྲུ་ཞིག་ཉིན་དེར་ཆའོ་ཁུ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅི་པུའུ་ཏའོ་གྲོང་ཁྱེར་དུ་སར་ལྷུང་ཞིང་། གནམ་གྲུ་ནང་གི་དམག་མི4བོ་ཚང་མ་ཚེ་ལས་འདས།

ཕའེ་ཐུ་ལའོ་ཡིས་སྤྱི་འབྲེལ་སྨྱན་བྱད་སྟེང་བཤད་རྒྱུར། གྱེན་འཕུར་གནམ་གྲུ་འདི་ནི་དངོས་ཟོག་སྐྱེལ་འདྲེན་བྱེད་སྐབས་སར་ལྷུང་བ།

ས་གནས་དེ་གའི་སྨྱན་བྱད་ཀྱིས་དམག་ཕྱོགས་ཀྱི་གསར་འགྱུར་དྲངས་ནས་བཤད་རྒྱུར། གྱེན་འཕུར་གནམ་གྲུ་སར་ལྷུང་རྗེས་འབར་གས་བྱུང་བ་རེད། ཆའོ་ཁུ་ཞིང་ཆེན་གྱི་ཧྲིན་ཀྲང་ཕའེ་ལའེ་ཡ་ཡིས། འབྲེལ་ཡོད་སྡེ་ཁག་གིས་ཐེངས་འདིའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཚུལ་བསྟན། 

ན་ནིང་གི་ཟླ12པར། གྱེན་འཕུར་གནམ་གྲུ་ཞིག་ཁོ་ལོམ་པི་ཡའི་གྲོང་ཁྱེར་ཆེ་གྲས་གཉིས་པ་མའེ་ཏི་ལིན་གྱི་ཉེ་འཁོར་དུ་སར་ལྷུང་ཞིང་། གནམ་གྲུ་ནང་གི་འགྲུལ་བ6དང་ཁ་ལོ་བ2བཅས་ཚང་མ་ཚེ་ལས་འདས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།