ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཧྲ་ཏི་ལའེ་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་གཞོན་པར་བསྐོ་གཞག་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས6ཉིན་གྱི་དགོང་མོར་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཧྥུའུ་ས་ཡིས། སྲིད་འཛིན་ཏང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་དམངས་ཚོགས་ཆེན(ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན)གྱི་ཀྲུའུ་ཞི་གཞོན་པ་པའོ་ལའོ·མཱ་ཧྲ་ཏི་ལའེ་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་གཞོན་པར་བསྐོ་གཞག་གནང་བ་ཁྱབ་བསྒྲགས་བྱས། 

ལཱ་མ་ཧྥུའུ་ས་ཡིས་ཉིན་དེར་སྲིད་འཛིན་རྒྱལ་ས་པི་ལེ་ཐུའོ་ལི་ཡ་རུ་བརྙན་འཕྲིན་བརྒྱུད་ནས་གསུང་བཤད་གནང་སྐབས། ནང་བློན་ཁང་བཅོས་སྒྲིག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་མ་ཟད། དེ་དང་ཆབས་ཅིག་པུའུ་ཀྲང11དང་པུའུ་ཀྲང་གཞོན་པ12བཅས་བསྐོ་གཞག་བྱས།

2022ལོའི་ཟླ12པར་འཚོགས་པའི་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས55པའི་སྟེང་། མཱ་ཧྲ་ཏི་ལའེ་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་གཞོན་པར་བདམས་པ་རེད། 

 ཏའེ་ཝུའེ་·མཱ་པུའུ་ཀྲ་ཡིས་ཟླ2པའི་ཟླ་མགོར་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་གཞོན་པའི་ལས་ཁུར་དགོངས་ཞུ་བྱས་པ་ཁྱབ་བསྒྲགས་བྱས་ཤིང་། ཟླ3པའི་ཚེས1ཉིན་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལས་ཤག་གིས་གསལ་བསྒྲགས་སྤེལ་ཏེ་མཱ་པུའུ་ཀྲ་ཡིས་ལས་ཁུར་དགོངས་ཞུ་བྱས་པ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།