ཀྲུང་གོ་བོད་ཀྱི་དྲ་བ།

པ་པུའུ་ཡ་ཞིན་ཅི་ནའེ་ཡ་རུ་ས་ཡོམ་རིམ་པ6.2ཅན་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་ཨར་ཚི་པི་ཀང་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། ཟླ2པའི་ཚེས26ཉིན་གྱི་སྔ་དྲོར། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་པ་པུའུ་ཡ་ཞིན་ཅི་ནའེ་ཡ་ཞིན་པུའུ་ལའེ་ཏེན་གླིང་ཕྲན་དུ་ས་ཡོམ་རིམ་པ6.2ཅན་བྱུང་ཞིང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཀྱི་སྙན་ཞུ་ཅི་ཡང་འབྱོར་མེད་པ་རེད།

ཨ་རིའི་ས་གཤིས་རྟོག་ཞིབ་ཅུའུ་ས་ཡོམ་ཆ་འཕྲིན་དྲ་བའི་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་ས་ཡོམ་ནི་ས་གནས་དེ་གའི་དུས་ཚོད་ཟླ2པའི་ཚེས26ཉིན་གྱི་ཆུ་ཚོད7དང་སྐར་མ24(པེ་ཅིན་གྱི་ཆུ་ཚོད5དང་སྐར་མ24)སྟེང་བྱུང་ཞིང་། ཡོམ་ལྟེ་ནི་ཞིན་པུའུ་ལའེ་ཏེན་གླིང་ཕྲན་གྱི་ཁན་ཏི་ལི་ཨན་བྱང་ཤར་གྱི་སྤྱི་ལེ29གནས་ཤིང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ38ཡིན་པ་རེད། ས་གཤིས་རྟོག་ཞིབ་ཅུའུ་དེས་ཐོག་མར་ས་ཡོམ་རིམ་པ6.5དུ་ཚད་འཇལ་བྱས་མོད། ཅང་མ་འགོར་བར་རིམ་པ6.2ཅན་དུ་བསྒྱུར། 

ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་འཁྱོམ་སྔོན་བརྡ་ལྟེ་གནས་ཀྱིས་ཐེངས་འདིའི་ས་ཡོམ་ལས་མཚོ་འཁྱོམ་འབྱུང་བའི་སྔོན་བརྡ་ཅི་ཡང་བཏང་མེད་པ་རེད།

པ་པུའུ་ཡ་ཞིན་ཅི་ནའེ་ཡ་ནི་སྐམ་སའི་སྦྲེལ་མཚམས་དུ་གནས་ཤིང་། ཞི་བདེ་རྒྱ་མཚོ་ཆེན་པོའི་མེ་རི་རྒྱུད་དུ་གནས་སྟབས་ས་ཡོམ་ཡང་ཡང་བྱུང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།