ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི3.0ཅན་གྱི་གྲོས་མོལ་བྱེད་ཐེངས་དང་པོ་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས7ཉིན། གསར་འགོད་པས་ཚོང་དོན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ2པའི་ཚེས7ཉིན་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི3.0ཅན་གྱི་གྲོས་མོལ་བྱེད་ཐེངས་དང་པོ་མགོ་བརྩམས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་སོ་སོའི་གཙོ་གཉེར་སྡེ་ཁག་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དྲུང་ཡིག་ཁྲུའུ་ཡི་དཔོན་རིགས་རྣམས་བརྙན་ལམ་བརྒྱུད་ནས་ཚོགས་འདུར་ཞུགས་ཤིང་།  ཕྱོགས་གཉིས་ཀྱིས་གྲོས་མོལ་གྱི་གོ་རིམ་སྒྲིག་སྲོལ་དང་རྩ་འཛུགས་ཀྱི་བཀོད་སྒྲིག ལས་ཀའི་འཆར་གཞི་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་གཏིང་ཟབ་གནང་རྒྱུ་མ་ཟད། རྗེས་ཕྱོགས་ཀྱི་གྲོས་མོལ་ག་དུས་འཚོགས་པའི་དུས་ཚོད་དང་ལམ་རིས་སོགས་གཏན་ཁེལ་གནང་རྒྱུ་རེད།

2022ལོའི་ཟླ11པར། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི3.0ཅན་གྱི་གྲོས་མོལ་དངོས་སུ་གནང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཕྱོགས་གཉིས་ཀྱིས་གྲོས་མོལ་ནང་དངོས་ཟོག་ཚོང་དོན་དང་མ་འཇོག གྲངས་འཛིན་དཔལ་འབྱོར། ལྗང་མདོག་དཔལ་འབྱོར་སོགས་ཀྱི་ནང་དོན་ཚུད་ཡོད་ལ། སྔར་ལས་ཁོང་ཡངས་དང་དེང་རབས། ཁྱོན་ཡོངས། གཉིས་ཁེ་བཅས་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གཏོད་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།