ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་རུ་ས་ཡོམ་རིམ་པ7.8ཅན་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཡོམ་ཆ་འཕྲིན་དྲ་བའི་སྟེང་བཀོད་པའི་གསར་འགྱུར་ལྟར་ན། ཟླ2པའི་ཚེས6ཉིན། ཐུར་ཁེའི་ལྷོ་ཕྱོགས་ས་ཁུལ་དུ་ས་ཡོམ་རིམ་པ7.8བྱུང་ཞིང་། མིག་སྔར་ད་དུང་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཀྱི་གནས་ཚུལ་འབྱོར་མེད་པ་རེད།

ཐེངས་འདིའི་ས་ཡོམ་ནི་ས་དེའི་དུས་ཚོད་ཚེས6ཉིན་གྱི་ཆུ་ཚོད4དང་སྐར་མ17(པེ་ཅིང་གི་ཆུ་ཚོད9དང་སྐར་མ17)སྟེང་བྱུང་ཞིང་། ཡོམ་ལྟེ་ནི་ཅཱ་ཆི་ཨན་ཐའེ་ཕུའུ་ཡི་ཉེ་སར་གནས་ལ་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ17.9ཡིན་པ་རེད།

མིག་སྔར། ཐུར་ཁེ་རུ་ཐེངས་འདིའི་ས་ཡོམ་ལས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཀྱི་གནས་ཚུལ་འབྱོར་མེད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།