ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་རག་ཏུ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་གཉིས་ཉིན།  དབྱི་རག་གི་ཙུང་ཐུང་ལཱ་ཞི་ཏི་དང་ཙུང་ལི་སུའུ་ཏན་ཉི་གཉིས་ཀྱིས་པཱ་ཀི་ཏ་རུ་སོ་སོར་འཚམས་འདྲིར་ཡོང་བའི་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློ་ཆེན་ཧྥེ་ས་ཨར་དང་ཐུག་འཕྲད་བྱས་ཏེ།   རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་།   མཐུན་སྦྱོར་སྒོས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་ཤུགས་སྣོན་དགོས་པ་ནན་གྱིས་བསྟན།

དབྱི་རག་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ལྟར་ན།    ལཱ་ཞི་ཏི་ཡིས་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར།    དབྱི་རག་གིས་རྒྱལ་ཁབ་གཉིས་ཀྱི་རིམ་པ་མང་བོའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་པར་མ་ཟད།   ཐུན་མོང་གི་སེམས་ཁུར་བྱེད་པའི་ས་ཁུལ་དང་རྒྱལ་སྤྱིའི་གནད་དོད་ཐད་མཐུན་སྦྱོར་དང་གྲོས་མོལ་བྱེད་འདོད་ཡོད་ཟེར།   ཧྥེ་ས་ཨར་གྱིས་སོ་ཏི་ཨ་རབ་ཀྱིས་རྒྱལ་ཁབ་གཉིས་བར་རང་བྱུང་སོལ་རླངས་གསར་སྤེལ་སོགས་མཉམ་ལས་སྤེལ་འདོད་ཡོད་ཅེས་བསྟན།

དབྱི་རག་གི་ཙུང་ལི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཀྱང་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   སུའུ་ཏན་ཉི་དང་ཧྥེ་ས་ཨར་གཉིས་ཀྱིས་ཕྱོགས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པ།    ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་སྟེང་མཐུན་སྦྱོར་བྱེད་པ་སོགས་གནད་དོན་ཐད་གྲོས་བསྡུར་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།