ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་དབྱི་སི་རལ་གྱིས་མི་མེད་གནམ་གྲུ་བཀོལ་ཏེ་དབྱི་ལང་གི་དམག་དོན་བཟོ་ལས་འཁོར་ཁང་ཞིག་ལ་འཇབ་རྒོལ་བྱས་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་མའེ་ཧི་ཨར་འཕྲིན་གཏོང་ཁང་གིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། དབྱི་ལང་གི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་པ་དབྱི་ལཱ་ཝ་ཉི་ཡིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་འཕྲིན་ཡིག་བསྐུར་ནས་བཤད་རྒྱུར།   ཐོག་མའི་བརྟག་དཔྱད་ལས་མངོན་པ་ལྟར་ན།    དབྱི་སི་རལ་གྱིས་ཉེ་སྔོན་མི་མེད་གནམ་གྲུ་བཀོལ་ཏེ་དབྱི་ལང་གི་དམག་དོན་བཟོ་ལས་འཁོར་ཁང་ཞིག་ཏུ་འཇབ་རྒོལ་བྱས་ནས་བཙན་འཛུལ་བྱེད་རྩིས་བྱས་པར་འགན་འཁུར་འོས་ཟེར།

དབྱི་ལཱ་ཝ་ཉི་ཡིས་འཕྲིན་ཡིག་ཁྲོད་བཤད་རྒྱུར།  དབྱི་ལང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དགོས་ངེས་ཡོད་པའི་སྐབས་སུ་དབྱི་སི་རལ་གྱི་རྣམ་པ་གང་རུང་གི་འཇིགས་སྐུལ་དང་ཁྲིམས་འགལ་བྱ་སྤྱོད་ལ་བློ་བརྟན་འགྱུར་མེད་ཀྱི་ཁ་གཏད་འཇལ་བའི་དབང་ཆ་སོར་བཞག་བྱས་ཡོད་ཟེར།

དབྱི་ལང་རྒྱལ་སྲུང་པུའུ་ཡིས་ཟླ་དང་པོའི་ཚེས་ཉེར་དགུ་ཉིན་གསལ་བསྒྲགས་སྤེལ་ཏེ་བཤད་རྒྱུར།   དབྱི་ལང་གིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་དབྱི་ལང་དབུས་ཕྱོགས་ཀྱི་གྲོང་ཁྱེར་དབྱི་སི་ཧྥ་ཧན་གྱི་དམག་དོན་བཟོ་ལས་འཁོར་ཁང་ཞིག་ལ་དམིགས་ཏེ་མི་མེད་གནམ་གྲུས་འཇབ་རྒོལ་བྱས་པ་ཕམ་ཉེས་སུ་བཏང་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།