ཀྲུང་གོ་བོད་ཀྱི་དྲ་བ།

2022ལོར་ཨུ་རུ་སུའི་ཕྱིར་གཏོང་བསྡོམས་འབོར་དུས་མཉམ་ལས12%ལྷག་འཕར།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས2ཉིན། ཨུ་རུ་སུའི་ཞིང་ལས་པུའུ་ཡིས་བསྒྲགས་པའི་གསར་འགྱུར་ལྟར་ན། 2022ལོར་ཨུ་རུ་སུས་ཕྱི་རྒྱལ་གྱི་ཁྲོམ་རར་ཞིང་ལས་ཐོན་རྫས་ཏུན་ཁྲི7000ལས་བརྒལ་བ་ཕྱིར་གཏོང་བྱས་ཤིང་ཕྱིར་གཏོང་བསྡོམས་འབོར་དུས་མཉམ་ལས12%ལྷག་འཕར། 

ཨུ་རུ་སུའི་ཞིང་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་ཞའེ་ཨར་ཀེ·ལའེ་ཝུན་གྱིས་ཉིན་དེར། 2022ལོར་ཨུ་རུ་སུའི་ཞིང་ལས་པུའུ་ཡིས་ཕྱིར་གཏོང་གི་ཁ་ཕྱོགས་ཡང་བསྐྱར་གཏན་འཁེལ་བྱེད་པ་དང་། ཟོག་འགྲེམས་ཀྱི་འབྲེལ་ཐག་གསར་པ་འཛུགས་པ། འབྲེལ་ཡོད་ཀྱི་རྒྱབ་སྐྱོར་ཆ་རྐྱེན་ཇེ་ལྷོད་གཏོང་བ་སོགས་ཀྱི་ཐད་ལ་བྱ་བ་མང་པོ་ཞིག་བསྒྲུབས་པ་རེད། ད་ལོར་མུ་མཐུད་དུ་ཁྲོམ་ར་གསར་པ་བཏོད་དེ་ཞིང་ལས་ཐོན་རྫས་ཕྱིར་གཏོང་གི་སྦས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད། 

གྲངས་གཞི་ལས་མངོན་པ་ལྟར་ན། 2021ལོར་ཨུ་རུ་སུའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར371ལ་སླེབས་པ་དེ2020ལོ་ལས་21%འཕར། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།