ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལི་པེན་ལྷོ་ཕྱོགས་ཀྱི་ཅིན་ཏ་ཝོ་ཞིང་ཆེན་དུ་ཚད་རིམ་དྲུག་གི་ས་ཡོམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལི་པེན་ལྷོ་ཕྱོགས་ཀྱི་ཅིན་ཏ་ཝོ་ཞིང་ཆེན་དུ་ཚེས་གཅིག་ཉིན་གྱི་དགོང་མོར་ཚད་རིམ་དྲུག་གི་ས་ཡོམ་བྱུང་བ་དང་།  མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཀྱི་སྙན་ཞུ་བསྒྲགས་མེད།

ཧྥེ་ལི་པེན་མེ་རི་ས་ཡོམ་ཞིབ་འཇུག་ཁང་གིས་བསྒྲགས་པ་ལྟར་ན།  ཐེངས་འདིའི་ས་ཡོམ་ནི་ས་དེའི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་ཞེ་བཞིའི་སྟེང་བྱུང་བ་དང་།   ས་ཡོམ་གྱི་ལྟེ་གནས་ནི་ཅིན་ཏ་ཝོ་ཞིང་ཆེན་པ་ཏན་གྲོང་གསར་ཤར་བྱང་ཕྱོགས་ཀྱི་སྤྱི་ལེ་བཅུ་གཉིས་མཚམས་སུ་ཡོད་པ་དང་།  ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་ཉེར་བདུན་ཡོད།   ཧྥེ་ལི་པེན་གྱི་གྲོང་ཁྱེར་ཆེན་པོ་གསུམ་པ་ཏ་ཝོ་དང་དེའི་མཐའ་འཁོར་ས་ཁུལ་དུ་ས་ཡོམ་གྱི་ཚོར་སྣང་དྲག་པོ་བྱུང་།

ཧྥེ་ལི་པེན་མེ་རི་ས་འགུལ་ཞིབ་འཇུག་ཁང་གིས་བཤད་རྒྱུར།   ཐེངས་འདིའི་ས་ཡོམ་ནི་ཆགས་གཞི་རང་བཞིན་གྱི་ས་ཡོམ་ཡིན་པས།  ཡོམ་འཕྲོ་འབྱུང་ངེས་ཡིན་ཟེར།

ཧྥེ་ལི་པེན་ཞི་བདེ་རྒྱ་མཚོ་ཆེན་མོའི་མེ་རིའི་ས་ཡོམ་ཁུལ་དུ་གནས་པ་དང་།  ས་ཡོམ་རྒྱུན་དུ་འབྱུང་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།