ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས1ཉིན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལྟར་ན། 2023ལོའི་ཟླ1པོའི་ཚེས1ཉིན་བར་ཨུ་རུ་སུ་རྒྱལ་ནང་དུ་རྒྱུན་སྡོད་མི་འབོར(ཨུ་རུ་སུའི་སྤྱི་དམངས་ཁོ་ན་བརྩི་བ་ཡིན)ཕལ་ཆེར་དུང་ཕྱུར1.46425ཡོད་པ་དེ་འདས་པའི་ལོ་གཅིག་ནང་ཁྲི55.5ལྷག་ཇེ་ཉུང་དུ་ཕྱིན་པ་རེད།
ཨུ་རུ་སུའི་ལོ་སྔོན་མའི་མི་འབོར་ཡོངས་བཤེར་གྱི་གཞི་གྲངས་ལྟར་ན། 2022ལོའི་ཟླ1པོའི་ཚེས1ཉིན་བར་ཨུ་རུ་སུ་ལ་ཁྱོན་བསྡོམས་མི་འབོར་དུར་ཕྱུར1.46980ལྷག་ཡོད།
ཆེས་གསར་བའི་བསྡོམས་རྩིས་གཞི་གྲངས་ལྟར་ན། ཨུ་རུ་སུ་ཀྲུང་དབྱང་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་དུ་མི་འབོར་ཁྲི4000ལས་བརྒལ་བ་ཡོད་མོད། དེའི་ཁྲོད་ཀྱི་མི་ཁྲི1300ལྷག་མོ་སི་ཁོ་རུ་བསྡད་ཡོད་ལ། ནུབ་བྱང་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་དུ་མི་འབོར་ཁྲི1360ལས་བརྒལ་བ་ཡོད་མོད། དེའི་ཁྲོད་ཀྱི་མི་ཁྲི560ལྷག་ཧྲེང་པི་ཏེ་པའོ་རུ་བསྡད་ཡོད།
ཨུ་རུ་སུར་མི་འབོར་ཁྲི100ལས་བརྒལ་བའི་གྲོང་ཁྱེར16ཡོད་ལ། དེའི་ཁྲོད་མོ་སི་ཁོ་དང་ཧྲེང་པི་ཏེ་པའོ། ཞི་པོ་ལི་ཡ་གསར་པ། ཡེ་ཁ་ཅེ་ལིན་པའོ། ཁ་ཧྲན། ཞ་ནུའོ་ཧྥུ་ཀོ་ལུའོ་ཏེ་སོགས་ཚུད་ཡོད་པ་རེད། །