ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ནུབ་བྱང་རྒྱུད་ས་ཁུལ་དུ་ས་ཡོམ་རིམ་པ5.9བརྒྱབ་སྟེ་ཉུང་མཐར་ཡང་མི2ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ1པོའི་ཚེས28ཉིན་གྱི་དགོང་མོར་དབྱི་རག་གི་ནུབ་བྱང་རྒྱུད་ས་ཁུལ་དུ་ས་ཡོམ་རིམ་པ5.9བརྒྱབ་སྟེ་མིག་སྔར་ཉུང་མཐར་ཡང་མི2ཚེ་ལས་འདས་ཤིང་མི་བརྒྱ་ཕྲག་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད། 

གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་འདིའི་ས་ཡོམ་ནི་དབྱི་རག་ནུབ་བྱང་རྒྱུད་ཀྱི་ཨ་སེ་པའེ་ཅང་ནུབ་མའི་ཞིང་ཆེན་དུ་བྱུང་བས་ཞིང་ཆེན་དེའི་ཧོ་དབྱི་གྲོང་ཁྱེར་ལ་གནོད་འཚེ་ཚབས་ཆེན་ཕོག་འདུག་ལ། ས་ཁུལ་གཞན་དག་ལའང་ཡོམ་ཚོར་ཡོད་པ་རེད། མིག་སྔར་གནོད་འཚེ་ཕོག་པའི་ས་ཁུལ་ཁ་ཤས་སུ་ཆར་པ་བབས་ཤིང་དྲོད་ཚད་ཀྱང་ཅུང་དམའ་བ་མ་ཟད། ས་ཁུལ་ཁག་གཅིག་གི་གློག་ཀྱང་ཆད་ཡོད་པ་རེད། རོགས་སྐྱོབ་མི་སྣ་རྣམས་གནོད་ཐེབས་ས་ཁུལ་དུ་ལམ་ལ་ཆས་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།