ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ལེ་སི་ཐན་གྱིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་ལྕགས་ལམ་འགྲུལ་འཁོར་དེས་དངོས་སུ་འགྲུལ་བ་སྐྱེལ་འདྲེན་བྱེད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་ལྕགས་ལམ་ཀུང་ཟིས་ཚེས་ཉེར་བདུན་ཉིན་མཛད་སྒོ་བསྡུས་ནས། ཉིས་སྟོང་ཉེར་གཉིས་ལོར་ཀྲུང་གོ་ནས་ནང་འདྲེན་བྱས་པའི་ལྕགས་ལམ་འགྲུལ་འཁོར་དེ་ལྗང་མདོག་མྱུར་ལམ་གྱི་མེ་འཁོར་ཁྲོད་དུ་ཚུད་དེ། དངོས་སུ་འགྲུལ་བ་སྐྱེལ་འདྲེན་བྱེད་མགོ་བརྩམས་པ་ཁྱབ་སྒྲོག་བྱས།

ཕ་ལེ་སི་ཐན་གྱི་ཙུང་ལི་ཞཱ་པ་ཚིས་གྲོས་ཚོགས་སྟེང་བསྟན་དོན། ཀྲུང་གོ་ཡིས་ཕ་ལེ་སི་ཐན་ལ་བྱེད་ནུས་གསར་པ་མང་ཞིང་ཤིན་ཏུ་སྔོན་ཐོན་ཡིན་པའི་ལྕགས་ལམ་འགྲུལ་འཁོར་ཕྱིར་གཏོང་བྱས་པ་རེད། འགྲུལ་འཁོར་དེ་དག་གིས་སྐྱེལ་འདྲེན་བྱེད་མགོ་བརྩམས་རྗེས་ཕ་ལེ་སི་ཐན་གྱི་ལྕགས་ལམ་སྣང་བརྙན་མཐོར་འདེགས་སུ་བཏང་ནས། སྐུ་མགྲོན་རྣམས་ཀྱིས་བདེ་ཞིང་མྱུར་བའི་ཡུལ་སྐོར་གྱི་འཚོ་བ་ལོངས་སུ་སྤྱོད་ཐུབ་ཀྱིན་འདུག་ལ། འགྲུལ་བཞུད་པ་མང་པོས་མེ་འཁོར་ལྕགས་ལམ་སྟེང་བགྲོད་པར་གདམས་ཀ་བྱེད་པར་སྟབས་བདེ་བསྐྲུན་ཡོད།

ཕ་ལེ་སི་ཐན་གྱི་ལྕགས་ལམ་པུའུ་ཀྲང་ཧི་ཝ་ཅ་ས་ཨ་ཏི་ལ་ཧྥེ་ཁུ་ཡིས་རྟེན་འབྲེལ་ཞུ་སྐབས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཕ་ལི་སི་ཐན་གྱི་ལྕགས་ལམ་ལ་ཆུ་ལོག་གིས་གནོད་འཚེ་ཐེབས་ནས་འགྲིམ་འགྲུལ་མཚམས་ཆད་རྗེས་སླར་གསོའི་ཐད་ལྗང་མདོག་མྱུར་ལམ་གྱི་འགྲུལ་འཁོར་ཞབས་ཞུ་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཟེར།

ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཅིག་པར། ཀྲུང་གོའི་ཐང་ཧྲན་འཕྲུལ་འཁོར་ཚད་ཡོད་ཀུང་ཟིས་ཕ་ལེ་སི་ཐན་ལ་ཕྱིར་གཏོང་བྱས་པའི་འགྲུལ་འཁོར་ཉིས་བརྒྱ་དང་སུམ་ཅུ་ལས་ཐོག་མའི་འགྲུལ་འཁོར་ཞེ་དྲུག་དང་དེའི་སྒྲིག་ཆས་ཁ་ཚང་ཕ་ལེ་སི་ཐན་ལ་བསྐྱལ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།