ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་ལས་ཁུངས་ཀྱིས་བྱ་འགུལ་སྣ་ཚོགས་སྤེལ་ཏེ་ཡོས་བུ་ལོའི་ལུགས་རྙིང་ལོ་སར་ལ་བསུ་བ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྟུད་མར་ཉིན་འགའི་རིང་ལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ་དང་རྒྱལ་ཁབ་མང་བོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ལུགས་རྙིང་ལོ་སར་བསུ་བའི་བྱ་འགུལ་སྤེལ་ཏེ། མཉམ་དུ་ཡོས་བུ་ལོའི་ལུགས་རྙིང་ལོ་སར་ལ་རོལ་བ་དང་བརྗེ་རེས་མཉམ་ལས་ལ་གྲོས་བསྡུར་བྱས། 

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་གླིང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཉེ་སྔོན་མཉམ་དུ་སྤྲོ་སྐྱིད་ཀྱི་ལོ་སར་རོལ་བའི་བྱ་འགུལ་སྤེལ་བ་དང་། ཨེ་ཙེ་ཨོ་ཕི་ཡཱའི་མཐོ་རིམ་སློབ་གྲྭའི་ཁུང་ཙིའི་སློབ་གླིང་གི་སློབ་མས་མཉམ་ལེན་གླུ་དབྱངས་དང་དྲག་རྩལ་སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱས་པར་མ་ཟད། ཡུལ་དངོས་ཀྱི་སྐུ་མགྲོན་དག་གིས་ཇའི་སྒྱུ་རྩལ་དང་ཡིག་གཟུགས་སོགས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཉམས་སུ་མྱངས་ཆོག 

ཨ་མེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཉེ་སྔོན་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ངོ་མཚར་བའི་རྔ་སྦུག་དང་སེང་རྩེད། རོལ་མོའི་འཁྲབ་སྟོན་སོགས་བཀོད་སྒྲིག་བྱས་ཡོད། 

འཇར་མན་གྱི་ཧན་པའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྱང་ཉེ་སྔོན་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། འཇར་མན་གྱི་ལས་རིགས་སོ་སོའི་མི་སྣ་དང་ཕྱི་སྡོད་རང་མི་སོགས་མཉམ་དུ་ལུགས་རྙིང་ལོ་སར་ལ་རོལ། ཧན་པའོ་ཡུས་ཡོན་གྱི་ལོ་སར་བསུ་བའི་བྱ་འགུལ་སྟེང་། འཇར་མན་དུ་ཡོད་པའི་ཕྱི་སྡོད་རང་མིས་པི་ཝང་སུམ་དཀྲོལ་རོལ་དབྱངས་དང་རྒྱ་ལྭའི་གྱོན་ཆས་འཁྲབ་སྟོན་སོགས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལེ་ཚན་འཁྲབ་སྟོན་བྱས་ནས། ས་དེའི་གྲོགས་པོ་དག་གིས་ཀྱང་ཀྲུང་གོའི་ལེ་ཚན་འཁྲབ་སྟོན་བྱས། 

ཧྥེ་ལེ་པེན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ལོ་སར་བསུ་བའི་སྣེ་ལེན་ཚོགས་འདུའི་སྟེང་། སྐུ་མགྲོན་ཚོས་ཀྲུང་གོས་ཤོག་དྲེས་དང་ཡིག་གཟུགས་ཀྱི་མཛེས་པ་ཉམས་སུ་མྱངས་ནས། ཡོས་བུ་ལོའི་ལོ་སར་གྱི་སྤྲོ་དགའི་དཔལ་ལ་རོལ། 

པཱ་ཞི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་ལོ་སར་གྱི་སྣེ་ལེན་ཚོགས་འདུའི་སྟེང་། ཕྱི་སྡོད་རང་མི་དང་ཀྲུང་གོའི་དངུལ་གཏོང་ཁེ་ལས། ཕྱི་འགྲིམ་སློབ་མའི་འཐུས་མི། དེ་མིན་པཱ་ཞིའི་ལས་རིགས་སོ་སོའི་མཛའ་མཐུན་མི་སྣ་སོགས་མི་སུམ་བརྒྱ་ལྷག་ལྷན་ཏུ་འཛོམས་ནས་དགའ་སྐྱིད་ལ་རོལ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།