ཀྲུང་གོ་བོད་ཀྱི་དྲ་བ།

ནེ་པཱ་ལཱའི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མི་བཅོ་ལྔས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་པཱ་ལཱའི་སྲིད་འཛིན་ལས་ཁུངས་ཀྱི་པུའུ་ཀྲང་བཅུ་གཉིས་དང་རྒྱལ་སྲིད་པུའུ་ཀྲང་གསུམ་གྱིས་ཚེས་བཅུ་བདུན་ཉིན་ཙུང་ཐུང་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། དེའི་ནང་ནེ་པཱ་ལཱའི་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལེ་ནས་ཡོང་བའི་པའོ་ཏི་ཡཱ་ཨར་གྱིས་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར། 

ཐེངས་འདིའི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྗེས། ནེ་པཱ་ལཱའི་སྲིད་འཛིན་ལས་ཁུངས་སུ་ད་རུང་པུའུ་ཀྲང་གཉིས་ཀྱི་ལས་གནས་སྟོང་བར་ལུས་ཡོད་པ་རེད། 

ནེ་པཱ་ལཱ་ཡིས་ན་ནིང་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ་བ་དང་། སྲིད་ཏང་གང་རུང་ལ་གྲོས་ཁང་དམངས་གྲོས་ཁང་ནས་ལས་གནས་མང་བོ་ཐོབ་མེད། མཉམ་འབྲེལ་སྲིད་གཞུང་གསར་བར་ནེ་པཱ་ལཱའི་གུང་ཁྲན་ཏང་མའོ་རིང་ལུགས་ལྟེ་གནས་དང་ནེ་པཱ་ལཱའི་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལེ་སོགས་སྲིད་ཏང་བདུན་གྱི་རྒྱབ་སྐྱོར་ཐོབ་ཡོད་ཀྱང་། དེའི་ནང་སྲིད་ཏང་གཉིས་གནས་སྐབས་སུ་སྲིད་འཛིན་ལས་ཁུངས་ནང་མི་ཞུགས་པའི་ཚུལ་བསྟན། 

ན་ནིང་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན། ནེ་པཱ་ལཱའི་གུང་ཁྲན་ཏང་མའོ་རིང་ལུགས་ལྟེ་གནས་ཀྱི་ཀྲུའུ་ཞི་ཕུའུ་ལཱ་ཁྲང་ཏཱ་ཡིས་དམ་བཅའ་བཞག་སྟེ་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིའི་འགན་ཁུར། དེའི་རྗེས་སུ་ཙུང་ལི་གཞོན་པ་གསུམ་དང་པུའུ་ཀྲང་བཞི་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར། ཟླ་འདིའི་ཚེས་བཅུ་ཉིན། ཕུའུ་ལཱ་ཁྲང་ཏཱ་ལ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དམངས་གྲོས་ཁང་ནས་ཡིད་ཆེས་འདེམ་ཤོག་ཐོབ་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།