ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཨན་ནོའུ་ཧྲིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་གྱི་ལས་འགན་མུ་མཐུད་དུ་ཁུར་བར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སིའི་གྲོས་གཞི་ལྟར། ཁོངས་གཏོགས་རྒྱལ་ཁབ་སོ་སོའི་བར་གྲོས་མོལ་བྱས་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས་བཅོ་བརྒྱད་ཉིན་ཏན་མག་ནས་ཡོང་བའི་ཨན་ནོའུ་ཧྲིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་གྱི་ལས་འགན་མུ་མཐུད་དུ་ཁུར་བར་ཆོག་མཆན་བཀོད།

ཨན་ནོའུ་ཧྲིང་གི་འགན་ཡུན་གསར་བ་ལོ་ངོ་བཞི་ཡིན་པ་དང་། ཉིས་སྟོང་ཉེར་གསུམ་ལོའི་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ནས་ཉིས་སྟོང་ཉེར་བདུན་ལོའི་ཟླ་དྲུག་པའི་ཚེས་བཅུ་བཞིའི་བར་རེད། མིག་སྔར་ཨན་ནོའུ་ཧྲིང་ལོ་ངོ་བཞིའི་འགན་ཡུན་དང་པོ་མཇུག་སྒྲིལ་མེད་པ་རེད། 

ཉིས་སྟོང་བཅུ་དགུ་ལོ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་གྱི་ལས་འགན་ཁུར་བ་ཡིན་ལ། དེའི་ཡར་སྔོན་ཨན་ནོའུ་ཧྲིང་གིས་ཉིས་སྟོང་བཅོ་ལྔ་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱི་སྤྱི་ཁྱབ་ལས་འཛིན་པའི་འགན་ཁུར། དེའི་སྔོན་ཁོ་མོས་འཛམ་གླིང་དངུལ་ཁང་དུ་ལས་འགན་ཁུར་མྱོང་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།