ཉེ་བའི་ལོ་བཅུའི་རིང་གནམ་གྲུའི་དོན་རྐྱེན་ཉི་ཤུ་ལྷག་བྱུང་བའི་བལ་བོའི་མཁའ་ལམ་ལ་གེགས་འདི་འདྲའི་མང་དོན་ཅི།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་ཟླ1པོའི་ཚེས15ཉིན། བལ་བོ་ནས་ལོ30རིང་གི་ཆེས་ཚབས་ཆེ་བའི་མཁའ་འགྲུལ་དོན་རྐྱེན་བྱུང་སྟེ། འགྲུལ་བ72ཡོད་པའི་ཀ་ཏི་མན་ཏུའུ་ནས་པའོ་ལ་ཁི་ལ་འཕུར་བའི་གནམ་གྲུ་ཞིག་སར་ལྷུང་བ་དང་། མི་ཚང་མ་རྐྱེན་ལམ་དུ་ཤོར་འདུག

ས་གནས་དེ་གའི་དུས་ཚོད་ཟླ1པོའི་ཚེས15ཉིན་གྱི་སྔ་དྲོར། བལ་བོའི་གངས་མི་མཁའ་འགྲུལ་ཀུང་སིའི་ཀ་ཏི་མན་ཏུའུ་ནས་པའོ་ལ་ཁི་ལ་འཕུར་བའི་གནམ་གྲུ་ཞིག་པའོ་ལ་ཁིའི་གནམ་ཐང་རྙིང་བ་ནས་གསར་བའི་བར་དུ་སར་ལྷུང་། གནམ་གྲུའི་ཐོག་གི་འགྲུལ་བ68དང་གནམ་གྲུའི་ལས་དོན་མི་སྣ4པོ་ཚང་མ་རྐྱེན་ལམ་དུ་ཤོར།

当地时间1月15日上午,尼泊尔雪人航空公司一架从加德满都飞往博克拉的客机在博克拉旧机场和新机场之间的位置坠毁,机上载有68名乘客和4名机组人员。图为救援人员和人群聚集在飞机残骸周围。

པར་འདི་ནི་རོགས་སྐྱོབ་མི་སྣ་དང་མང་ཚོགས་གནམ་གྲུའི་ཆག་རོའི་མདུན་དུ་ཡོད་པའི་ཚུལ་རེད།

ཉེ་བའི་ལོ10རིང་། མཁའ་འགྲུལ་དོན་རྐྱེན20ལྷག་བྱུང་། 

ཕྱི་རྒྱལ་གྱི་སྨྱན་སྦྱོར་མང་པོས་མཁའ་འགྲུལ་དོན་རྐྱེན་དེ་བལ་བོ་ནས་ཡ་མཚར་དགོས་པ་ཞིག་མིན་པར་བསྟན།

《རྒྱ་གར་མགྱོགས་འཕྲིན》གྱིས་མཁའ་འགྲུལ་བདེ་འཇགས་དྲ་བའི་གྲངས་གཞིའི་མཛོད་ཀྱི་གསར་འགྱུར་དྲངས་ཏེ། འདས་བའི་ལོ30ནང་དུ། བལ་བོ་ནས་ཕལ་ཆེར་མཁའ་འགྲུལ་དོན་རྐྱེན27བྱུང་། དེའི་ཁྲོད་ཉེ་བའི་ལོ10རིང་དོན་རྐྱེན20ལྷག་བྱུང་འདུག 2000ལོ་ནས་བཟུང་། མ་མཐའ་ཡང་མི309བལ་བོའི་གནམ་གྲུ་དང་གྱེན་འཕུར་གནམ་གྲུའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར།

2022ལོའི་ཟླ5བར། བལ་བོའི་ཐཱ་ལ(Tara)མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཞིག་སར་ལྷུང་བ་དང་མི22རྐྱེན་ལམ་དུ་ཤོར། འདི་ནི་རྒྱལ་ཁབ་དེར་ལོ10ཚུན་དུ་བྱུང་བའི་མཁའ་འགྲུལ་དོན་རྐྱེན་ཐེངས19པ་རེད།

2019ལོའི་ཟླ2པར། གྱེན་འཕུར་གནམ་གྲུ་ཞིག་ཀ་ཏི་མན་ཏུའུ་རུ་ཕྱིར་འཁོར་བའི་སྐབས་སུ་རི་མགོ་ཞིག་ཏུ་སར་ལྷུང་བ་དང་། འགྲུལ་བ7པོ་ཚང་མ་རྐྱེན་ལམ་དུ་ཤོར།

2018ལོའི་ཟླ3པར་ཨ་རི-བྷང་ག་ལ་མཁའ་འགྲུལ་ཀུང་སིས་གཉེར་སྐྱོང་བྱས་པའི་ཕང་པ་ཏིQ400གནམ་གྲུ་ཞིག་ཏ་ཁ་ནས་ཕྱིར་འཁོར་སྐབས། ཀ་ཏི་མན་ཏུའུ་ཡི་ཐེ་ལི་པུའུ་ཝན་རྒྱལ་སྤྱིའི་གནམ་ཐང་དུ་སར་ལྷུངས་ཏེ་མི51རྐྱེན་ལམ་དུ་ཤོར།

2011ལོའི་ཟླ9པར། གནམ་གྲུ་ཞིག་རི་བོ་ཆུང་ཆུང་ཞིག་ལ་གདོང་ཐུག་བརྒྱབ་པ་དང་། གནམ་གྲུའི་ཐོག་གི་མི19པོ་ཚང་མ་རྐྱེན་ལམ་དུ་ཤོར་བའི་ནང་རྒྱ་གར་བ10ཚུད།

1992ལོའི་ཟླ9པར། ཕ་ཁི་སི་ཐན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་གཉེར་སྐྱོང་བྱས་པའི་འགྲུལ་སྐྱེལ་གནམ་གྲུA300ཀ་ཏི་མན་ཏུའུ་གནམ་ཐང་དུ་འབབ་སྐབས། གནམ་ཐང་དང་སྤྱི་ལེ11ཡོད་པའི་རི་འབུར་ཞིག་ལ་གདོང་ཐུག་བརྒྱབ་ནས་གནམ་གྲུའི་ནང་གི་མི167ཚང་མ་རྐྱེན་ལམ་དུ་ཤོར།

བལ་བོར་དོན་རྐྱེན་ཚབས་ཆེན་དེ་དག་ཅིའི་ཕྱིར་ཡང་དང་བསྐྱར་དུ་བྱུང་བ་ཡིན་ནམ།    

ཨ་རིའི་བརྙན་འཕྲིན་གསར་འགྱུར(CNN)ཐོག་སྤེལ་བའི་གནས་ཚུལ་ལྟར་ན། འཛམ་གླིང་ཐོག་གི་ཆེས་མཐོ་བའི་རི14ནང་གི8བལ་བོ་རུ་ཡོད། གཞན་ཡང་རྒྱལ་ཁབ་དེར་ད་དུང“འཛམ་གླིང་ཐོག་ཆེས་ཉེན་ཁ་ཆེ་བའི་གནམ་ཐང”ཡོད།

《རྒྱ་གར་གྱི་མྱུར་འཕྲིན》ནང་། ཀྱག་ཀྱོག་གི་རི་ཁུལ་ས་དབྱིབས་དང་། གནམ་གྲུ་གསར་པ་དང་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་མི་འདང་བ་སོགས་ཚང་མ་གནམ་གྲུ་སར་ལྷུངས་བའི་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་རེད་ཅེས་བཀོད་ཡོད། གཞན་ཡང་གནམ་གྲུའི་རྒྱུག་ལམ་རི་ཁུལ་དུ་གནས་པ་དང་གནམ་གཤིས་ཆ་རྐྱེན་ཞན་པའི་དབང་གིས་བལ་བོའི་གནམ་གྲུའི་མཁའ་ལམ་གྱི“ཉེན་ཁ”ཆེ།

ཤེས་རྟོགས་བྱུང་བར། བལ་བོའི་གནམ་གྲུ་སར་ལྷུངས་བའི་དོན་རྐྱེན་ཚང་མ་ཀ་ཏི་མན་ཏུའུ་ཡི་ཐེ་ལི་པུའུ་ཝན་རྒྱལ་སྤྱིའི་གནམ་ཐང་དུ་བྱུང་། གནམ་ཐང་དེ་ས་བབ་མཐོ་ཚད་ལ་སྨི1338ཡོད་པ་དང་། གུ་དོག་པའི་འཇོང་དབྱིབས་ཀྱི་གྲོག་རོང་ནང་གནས་ལ། ཉེ་འཁོར་དུ་མཐོ་ཞིང་བརྗིད་པའི་སོག་ལེའི་སོ་དབྱིབས་ཀྱི་རི་རྒྱུད་ཡིན་པས། གནམ་གྲུའི་སྐབས་བསྟུན་བར་མཐོངས་ཅུང་ཆུང་ཞིང་། འཕུར་སྐྱོད་ལ་གེགས་རྐྱེན་ཧ་ཅང་ཆེ།

བལ་བོའི་གནམ་ཐང་མང་ཆེ་བ་རི་ཁུལ་དུ་བསྐྲུན་ཡོད་པས་ས་དབྱིབས་རྙོག་འཛིང་ཆེ། འཕུར་སྐྱོད་པ་མང་ཆེ་བས་རི་སྟེང་གི་མཐོ་ཞིང་གཟར་ལ་དོག་པའི་རྒྱུག་ལམ་དུ་འཕུར་དཀའ་ཞེས་བཤད། སྒྲོ་གཤོག་དུང་འཁྱིལ་གནམ་གྲུ་ཆུང་གྲས་དག་འཕུར་ཐུབ་མོད། འོན་ཀྱང་རླུང་འབུད་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་འཕུར་མི་ཐུབ། གནམ་གྲུ་ཆུང་ཆུང་དེ་དག་ལ་བལ་བོའི་གནམ་གཤིས་ངན་པའི་ཤུགས་རྐྱེན་སྔར་བས་ཐེབས་སླ།

2013ལོར། མཁའ་འགྲུལ་ལས་རིགས་ཀྱི་གསོ་སྦྱོང་དང་སྲུང་སྐྱོང་ཚད་གཞིར་དམིགས་ཏེ། ཡོ་རོབ་མནའ་འབྲེལ་གྱིས་བལ་བོའི་མཁའ་འགྲུལ་ཀུང་སིའི་གནམ་གྲུ་དེའི་མངའ་ཁོངས་སུ་འཕུར་རྒྱུ་བཀག་འགོག་བྱས།  2022ལོའི་ཟླ3པར《ཀ་ཏི་མན་ཏུའུ་ཡི་སྦྲག་སྲིད་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བལ་བོ་སྲིད་གཞུང་གིས་ཡོ་རོབ་མནའ་འབྲེལ་གྱི་མཁའ་འགྲུལ་གྱི་མིང་ཐོ་ནག་པོའི་ནང་ནས་མེད་པར་བཟོ་བའི་བྱ་སྤྱོད་སྤེལ་མེད།   ཟླ་འགའི་རྗེས་བལ་བོས་སླར་ཡང་ཡོ་རོབ་མནའ་འབྲེལ་ལ་རེ་ཞུ་བཏོན་མོད། འོན་ཀྱང་ཆོག་མཆན་མ་སྤྲད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།