ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོ་ལོམ་པུ་ཡཱའི་དཔྱད་ཞིབ་ཚོགས་པའི་འགན་འཁྲི་རྒྱ་བསྐྱེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འདི་ནི་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་པར་བླངས་པའི་གྲོས་ཆོད་འཆར་ཟིན་ལ་འདེམ་ཤོག་འཕེན་པའི་ཡུལ་དངོས་རྣམ་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་གཅིག་ཉིན་གྲོས་ཆོད་2673ལ་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོ་ལོམ་པུ་ཡཱའི་དཔྱད་ཞིབ་ཚོགས་པའི་འགན་འཁྲི་རྒྱ་བསྐྱེད་ནས། དེས་ཞོར་དུ་ཁོ་ལོམ་པུ་ཡཱའི་སྲིད་གཞུང་དང་སྔོན་ཆད་ཀྱི་དྲག་ཆས་རྩ་འཛུགས་ཁོ་ལོམ་པུ་ཡཱའི་གསར་བརྗེ་དྲག་ཆས་སྟོབས་ཤུགས་ཀྱི་ཞི་བའི་གྲོས་མཐུན་ཁྲོད་ཀྱི་ཞིང་སྡེའི་ཕྱོགས་ཡོངས་ཀྱི་བཅོས་བསྒྱུར་དང་མི་རིགས་གནད་དོན་སྐོར་གྱི་ལག་བསྟར་གནས་ཚུལ་ལ་ལྟ་རྟོག་བྱེད་པའི་འགན་ཁུར་དགོས་པར་བྱས། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དེ་ནི་ཁོ་ལོམ་པུ་ཡཱའི་སྲིད་གཞུང་དང་སྔོན་ཆད་ཀྱི་དྲག་ཆས་རྩ་འཛུགས་ཁོ་ལོམ་པུ་ཡཱའི་གསར་བརྗེ་དྲག་ཆས་སྟོབས་ཤུགས་ཀྱི་ཐུན་མོང་རེ་འདུན་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སིའི་གྲོས་གཞིའི་འོག་སྤེལ་བ་རེད་ཟེར། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པར་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོ་ལོམ་པུ་ཡཱའི་དཔྱད་ཞིབ་ཚོགས་པ་འཛུགས་པར་ཆོག་མཆན་བཀོད་པ་དང་། ཁོ་ལོམ་པུ་ཡཱ་སྲིད་གཞུང་དང་ཁོ་ལོམ་པུ་ཡཱའི་གསར་བརྗེ་དྲག་ཆས་སྟོབས་ཤུགས་ཀྱི་ཞི་བའི་གྲོས་མཐུན་གྱི་དུས་རིམ་གཉིས་པའི་ལག་བསྟར་གནས་ཚུལ་དང་ཁོ་ལོམ་པུ་ཡཱའི་གསར་བརྗེ་དྲག་ཆས་སྟོབས་ཤུགས་སྔོན་ཆད་ཀྱི་འཐབ་འཛིང་མི་སྣ་ཕྱིར་སྤྱི་ཚོགས་སུ་ཞུགས་པའི་གནས་ཚུལ། མི་སྒེར་དང་ཐུན་མོང་གི་བདེ་འཇགས་བདེ་སྲུང་བྱེད་ཐབས་ཀྱི་ལག་བསྟར་གནས་ཚུལ། དེ་མིན་འབྲེལ་ཡོད་ས་ཁུལ་གྱི་སྡོད་ཁུལ་དང་ཚོགས་ཁག་གི་ཕྱོགས་ཀྱིས་བདེ་འཇགས་སྲུང་སྐྱོབ་འཆར་གཞི་དངོས་འབེབས་བྱས་པའི་གནས་ཚུལ་བཅས་ལ་འགན་ཁུར་དུ་བཅུག 

ཁོ་ལོམ་པུ་ཡཱ་སྲིད་གཞུང་དང་ཁོ་ལོམ་པུ་ཡཱའི་གསར་བརྗེ་དྲག་ཆས་སྟོབས་ཤུགས་ཀྱིས་ཉིས་སྟོང་བཅུ་དྲུག་ལོར་བཀོད་པའི་ཞི་བའི་གྲོས་མཐུན་ལས་ཕྱོགས་གཉིས་ཀྱི་དུས་རབས་ཕྱེད་ཙམ་འགོར་བའི་ངོ་རྒོལ་རྣམ་པ་མཇུག་སྒྲིལ་བར་བྱས། ཁོ་ལོམ་པུ་ཡཱའི་གསར་བརྗེ་དྲག་ཆས་སྟོབས་ཤུགས་ནི་སྔོན་ཆད་ཁོ་ལོམ་པུ་ཡཱའི་མངའ་ཁོངས་སུ་གཞི་རྒྱ་ཆེས་ཆེ་བའི་ངེས་མེད་རྒོལ་རྡུང་རྩ་འཛུགས་ཤིག་ཡིན་པ་དང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་བར་དངོས་སུ་མཚོན་ཆ་བསྐྱུར་ནས་སྲིད་ལ་ཞུགས་པ་ཡིན་ལ། གྲོས་ཁང་གི་འདེམ་བསྐོའི་ཁྲོད་ལས་གནས་མང་བོ་བླངས་ཡོད་ཀྱང་། ཁོངས་མི་སྐོར་ཞིག་གིས་མཚོན་ཆ་བསྐྱུར་བར་ཁས་ལེན་མ་བྱས་པར་མུ་མཐུད་དུ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།