ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་མྱུལ་ཞིབ་ཚན་ཆུང་གཏོར་བཤིག་བཏང་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཞི་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཁུའུ་ཕིས་དབྱང་སི་ཁི་དང་ཧོང་ལེ་མན། ཧཱ་ཨར་ཁི་ཧྥུའུ་སོགས་ས་ཁུལ་ནས་ཝུའུ་ཁི་ལན་ཕྱོགས་ཀྱི་མི་སྣ་དང་དམག་དོན་རླངས་འཁོར། མཚོན་ཆ་བཅས་ལ་ཆམ་ཕབ་བཏང་བར་མ་ཟད། ཏོན་ནེ་ཚི་ཁི་དང་ལུའུ་ཀན་སི་ཁི་ནས་ཝུའུ་ཁི་ལན་གྱི་གཏོར་བརླག་མྱུལ་ཞིབ་ཚན་ཆུང་ལྔ་གཏོར་བཤིག་བཏང་ཡོད་ཟེར། 

ཝུའུ་ཁི་ལན་ཕྱོགས་ཀྱིས་བསྟན་དོན། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་ཨུ་རུ་སིའི་དམག་དཔུང་གི་མཁའ་སྲུང་འཕུར་མདའི་ཕྱོགས་བསྡུས་གཡུལ་ས་དང་དམག་ཆས་མཛོད་ཁང་སོགས་དམིགས་འབེན་ལ་ཆམ་ཕབ་བཏང་ཡོད་ཟེར། གཞན་ཡང་ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡི་དཔོན་རིགས་ཀྱིས་ཚེས་བཞི་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱིས་ད་ལོའི་དཔྱིད་ཀར་གཞི་རྒྱ་ཆེ་བའི་དཔུང་འཇུག་བྱ་འགུལ་ཞིག་སྤེལ་རྩིས་ཡོད་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཞི་ཉིན་བསྟན་དོན། ཝུའུ་ཁི་ལན་དུ་པུའུ་ལོས་ཏི་ལེ་རྐང་དམག་འཐབ་འཁོར་འདོན་སྤྲོད་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཟེར། ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་མ་འོངས་པའི་ཉིན་འགའི་ནང་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱེད་པའི་འཆར་གཞི་གསར་བ་ཁྱབ་སྒྲོག་བྱེད་ངེས་རེད་ཟེར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཉེ་སྔོན་གསལ་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་ལ་མཚོན་ཆ་སྔར་ལས་མང་བོ་འདོན་སྤྲོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།