ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་ཐད་བར་འདུམ་བྱ་བ་བཟང་བོར་བསྒྲུབ་རྩིས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ལྔ་ཉིན་ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་ལ་ཁ་པར་བརྒྱབ་སྟེ། ཐུར་ཁེ་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་ཐད་བར་འདུམ་བྱ་བ་བཟང་བོར་བསྒྲུབ་རྩིས་ཡོད་ཟེར། 

ཐུར་ཁེའི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ཨེ་ཨར་ཏའོ་ཨན་གྱིས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་ཁ་པར་གྲོས་མོལ་བྱེད་སྐབས་བསྟན་དོན། ཐུར་ཁེ་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་ཐད་བར་འདུམ་བྱ་བ་བཟང་བོར་བསྒྲུབ་རྩིས་ཡོད་ཟེར། ཐུར་ཁེ་ཡིས་ད་རུང་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་འབད་བརྩོན་བྱས་ཆོག་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་གཏོང་སྐབས་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་བར་གྱི་ཞི་བདེ་དང་གྲོས་མོལ་ལ་ཕྱོགས་གཅིག་ནས་འཁྲུག་རྩོད་མཚམས་འཇོག་པ་དང་འདྲ་མཉམ་གྱི་ཐག་གཅོད་རེ་འདུན་གྱི་རྒྱབ་སྐྱོར་ཐོབ་དགོས་ཟེར། ཁོས་ད་རུང་བསྟན་དོན། ཐུར་ཁེ་ཡིས་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱས་ཏེ་རང་བྱུང་སོལ་རླངས་ཀྱི་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། ཐུར་ཁེ་ཡིས་གང་མགྱོགས་སྒོས་འཆར་གཞི་དེའི་ལམ་ཐིག་འཆར་ཟིན་ཡོངས་འགྲུབ་བྱས་ཏེ་བྱེ་བྲག་གི་ལས་རིམ་ལག་བསྟར་བྱེད་རྒྱུའི་རེ་བ་ཡོད་ཟེར། 

ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་སྐབས་སུ། ཨེ་ཨར་ཏའོ་ཨན་གྱིས་ཐེངས་མང་བོར་ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་དང་མཉམ་དུ་འཁྲུག་རྩོད་མཚམས་འཇོག་པའི་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། མཚོ་ནག་འབྲུ་རིགས་སྐྱེལ་འདྲེན་རྒྱུ་ལམ་སོགས་གནད་དོན་གྱི་ཕྱི་འབྲེལ་བར་འདུམ་ལ་ཞུགས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།