ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཁྭ་ཏོར་སོགས་རྒྱལ་ཁབ5ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་མིན་པའི་འགན་འཁྲི་ལག་བསྟར་བྱེད་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1129254064_16727903731031n.jpg

པར་འདི་ནི་ཟླ1པོའི་ཚེས3ཉིན་ཉིའུ་གཡོད་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོམས་ཆེན་ཕྱི་རོལ་དུ་འབྲེལ་ཡོད་རྒྱལ་ཁབ་ཀྱི་འཐུས་མིས་གསར་དུ་བདམས་ཐོན་བྱུང་བའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་མིན་པའི་རྒྱལ་ཁབ་ཀྱི་རྒྱལ་དར་འཇོག་པའི་མཛད་སྒོར་ཞུགས་པའི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས3ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས2023ལོར་ལས་སྒྲུབ་བྱེད་པའི་ཉིན་དང་པོ་རེད། ཨེ་ཁྭ་ཏོར་དང་འཇར་པན། མར་ཐ། མོ་ཙམ་པི་ཁེ། སུའེ་ཙེར་བཅས་རྒྱལ་ཁབ5ཡི་རྒྱལ་དར་འཇོག་པའི་མཛད་སྒོ་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོམས་ཆེན་ཕྱི་རོལ་དུ་བསྡུས་ཤིང་། དེས་གསར་དུ་བདམས་པའི་རྒྱལ་ཁབ5ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་མིན་པའི་འགན་འཁྲི་ལག་བསྟར་བྱེད་མགོ་བརྩམས་པ་མཚོན་ཡོད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།