ཀྲུང་གོ་བོད་ཀྱི་དྲ་བ།

མོ་ས་ཨར་གྱིས་སི་ལོ་ཝིན་ཉི་ཡའི་ཙུང་ཐུང་གི་འགན་བཞེས་དམ་བཅའ་བཞག་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས22ཉིན་སི་ལོ་ཝིན་ཉི་ཡའི་ཙུང་ཐུང་གི་འགན་བཞེས་མཛད་སྒོ་དེ་གྲོས་ཁང་དུ་བསྡུས་ཤིང་། ནཱ་ཐ་ཧྲ·ཕི་ཨར་ཚེ·མོ་ས་ཨར་གྱིས་སི་ལོ་ཝིན་ཉི་ཡའི་ཙུང་ཐུང་ཨང་ལྔ་བའི་འགན་བཞེས་དམ་བཅའ་བཞག་པ་དང་། པོ་ལུའུ་ཐེ·ཕ་ཧོ་ཨར་གྱི་ཚབ་བྱས་ཏེ་ལོ་5རིང་གི་ལས་འགན་དང་ལེན་བྱེད་མགོ་ཚུགས་པ་རེད།

མུའུ་ས་ཨར་གྱིས་འགན་བཞེས་དམ་བཅའ་འཇོག་སྐབས། ཕྱོགས་མང་རིང་ལུགས་དང་ཡོ་རོབ་གླིང་སྟོབས་ཆེན་དུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། གནམ་གཤིས་འགྱུར་ལྡོག་ནི་དུས་རབས་འདིའི་འགྲན་སློང་ཞིག་རེད་ཅེས་གསུངས་བ་རེད། 

ཟླ11པའི་ཚེས13ཉིན། མོ་ས་ཨར་གྱིས་སི་ལོ་ཝིན་ཉི་ཡའི་ཙུང་ཐུང་འདེམས་བསྐོའི་རེས་སྐོར་གཉིས་པའི་འདེམས་ཤོག་ཁྲོད་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཨན་ར·ལུའོ་ཅ་ཨར་ལས་འདེམས་ཤོག54%ཡི་རྒྱབ་སྐྱོར་ཐོབ་སྟབས་སི་ལོ་ཝིན་ཉི་ཡའི་ཙུང་ཐུང་ལ་བདམས་པ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།