ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཀྲུང་གོ་དང་ཨ་རབ་ཀྱི་སྐབས་དང་པོའི་མཐོ་རིམ་གྲོས་ཚོགས་ལ་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཚེས་དགུ་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་ཚོགས་རྒྱུ་ཡིན་པའི་སྐབས་དང་པོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་ལ་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཀྲུང་གོ་དང་ཨ་རབ་ཀྱི་མཐོ་རིམ་གྲོས་ཚོགས་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱས་ཏེ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར། 

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་པཱ་སཱ་མུའུ་ལཱ་ཏིས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཀྲུང་གོ་དང་ཨ་རབ་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། དེ་ལས་ཨེ་ཅིབ་ཀྱིས་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་ཡུན་རིང་ལོ་རྒྱུས་ལྡན་པའི་མཛའ་མཐུན་འབྲེལ་བར་ཤུགས་སྣོན་བྱས་ཏེ་སྔར་ལས་སྐུལ་འདེད་གཏོང་བར་བརྩོན་བཞིན་པ་མཚོན་ཡོད་ལ། དམིགས་ཡུལ་ནི་ཕན་ནུས་ལྡན་པའི་སྒོ་ནས་མཉམ་འབྲེལ་འགུལ་སྐྱོད་རྐྱེན་སྲོལ་ལ་ཤུགས་སྣོན་བྱས་ནས། ཨ་རབ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་མངོན་འགྱུར་བྱེད་རྒྱུའི་ཆེད་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།