ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོ་དང་ཨ་རབ་ཀྱི་སྨྱན་བྱད་མཉམ་ལས་གླེང་སྟེགས་སོ་ཏི་ཨ་རབ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས། སྐུ་མགྲོན་དག་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོ་དང་ཨ་རབ་ཀྱི་སྨྱན་བྱད་མཉམ་ལས་གླེང་སྟེགས་ལ་ཞུགས། 

2.jpg

ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས། སྐུ་མགྲོན་དག་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོ་དང་ཨ་རབ་ཀྱི་སྨྱན་བྱད་མཉམ་ལས་གླེང་སྟེགས་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོ་དང་ཨ་རབ་ཀྱི་སྨྱན་བྱད་མཉམ་ལས་གླེང་སྟེགས་ཚེས་ལྔ་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་སྤེལ། 

ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གོའི་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་དང་སོ་ཏི་ཨ་རབ་གསར་འགྱུར་པུའུ་ཡིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། བརྗེ་རེས་དཔེར་ལེན་ལ་ཤུགས་སྣོན་བྱས་ཏེ་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བརྗོད་སྙིང་དུ་བཟུང་ཡོད། བསྡོམས་པས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཉེར་གཉིས་ནས་ཡོང་བའི་སྲིད་གཞུང་གི་དཔོན་རིགས་དང་། སྨྱན་བྱད་ལས་ཁུངས་ཀྱི་འཐུས་མི། ཆེད་མཁས་པ་སོགས་མི་བརྒྱ་དང་ལྔ་བཅུ་ལྷག་ཡུལ་དངོས་དང་དྲ་ལམ་བརྒྱུད་དེ་གླེང་སྟེགས་ལ་ཞུགས། 

སོ་ཏི་ཨ་རབ་ཀྱི་ཚོང་དོན་བློན་ཆེན་དང་གསར་འགྱུར་བློན་ཆེན་ཚབ་མའི་འགན་གཅིག་ལྕོགས་སུ་ཁུར་མཁན་མཱ་ཅི་ཏི་ཁཱ་སི་པུས་ཀྱིས་བརྙན་ལམ་ནས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཨ་རབ་རྒྱལ་ཁབ་དག་གིས་ཀྲུང་གོ་ནི་ཁྱབ་ཁོངས་སོ་སོའི་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བློ་གཏོད་རུང་བའི་གྲོགས་པོར་བརྩིས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཐེངས་འདིའི་གླེང་སྟེགས་བརྒྱུད་དེ་རིག་གནས་བརྗེ་རེས་ལ་ཤུགས་སྣོན་པ་དང་། དམངས་སེམས་གཅིག་སྦྲེལ་ལ་སྐུལ་འདེད་གཏོང་བ། ཁྱབ་ཁོངས་སོ་སོའི་འཕེལ་རྒྱས་ལ་ཡར་སྐུལ་བཏང་སྟེ། ཨ་རབ་དང་ཀྲུང་གོའི་སྨྱན་བྱད་ཀྱིས་ཧུར་ཐག་སྒོས་གླེང་སྟེགས་གྲུབ་འབྲས་དངོས་འབེབས་བྱེད་པ་དང་། རྒྱུན་མཐུད་ངང་ཨ་རབ་དང་ཀྲུང་གོའི་མཉམ་ལས་ལ་རོགས་འདེགས་བྱེད་པར་རེ་བཞིན་ཡོད་ཟེར། 

ཀྲུང་གོའི་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་མགོ་བ་ཧྲིན་ཧེ་ཞོང་གིས་བརྙན་ལམ་ཞུ་ཚིག་ཕུལ་ཏེ། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་ཐེངས་འདིའི་གླེང་སྟེགས་གོ་སྐབས་སུ་བྱས་ཤིང་། ཨ་རབ་རྒྱལ་ཁབ་བར་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་བརྗེ་རེས་གྲོས་མོལ་གཏིང་ཟབ་ཏུ་སྤེལ་བ་དང་། དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བྱེད་པ། ཧུར་ཐག་སྒོས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞི་ལག་བསྟར་གང་ལེགས་བྱས་ཏེ། མཉམ་དུ་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་གཏོང་བར་རམ་འདེགས་བྱས་ནས། དུས་རབས་གསར་བར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ཐུན་མོང་ལས་སྐལ་ཚོགས་པ་དང་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་སྨྱན་བྱད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར། 

གླེང་སྟེགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་དང་ཨ་རབ་རྒྱལ་ཁབ་རྒྱང་སྒྲོག་མནའ་འབྲེལ་གྱིས་མཉམ་དུ་སྤེལ་བའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱིས་སྨྱན་བྱད་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་གྲོས་གཞི་ལས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་སྨྱན་བྱད་ལས་ཁུངས་དག་གིས་ཕན་ཚུན་བར་གྱི་སློབ་སྦྱོང་དང་དཔེར་ལེན་ལ་ཤུགས་སྣོན་བྱེད་པ་དང་། སྨྱན་བྱད་ཀྱི་འགན་འཁྲི་བརྩི་སྲུང་བྱེད་པ། བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཆུ་ཚད་གསར་བ་ཞིག་དུ་བསླེབས་པར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་པའི་གྲོས་འདོན་བྱས་ཡོད། 

གླེང་སྟེགས་སྟེང་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་དང་སོ་ཏི་ཨ་རབ་རྒྱང་སྒྲོག་ཅུའུ་ཡིས་ད་རུང་མཉམ་དུ་ཕབ་སྐྲུན་བྱས་པའི་སེམས་པའི་ལག་རྡང་སྦྲེལ་ཞེས་པའི་ལེ་ཚན་ཁྱབ་བསྒྲགས་བྱས་པར་མ་ཟད། ཀྲུང་གོའི་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་ཨ་རབ་རྒྱལ་ཁབ་ནས་འགྲེམ་གཏོང་བྱེད་པའི་བྱ་འགུལ་སྤེལ་མགོ་བརྩམས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།