ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པར་མ་དངུལ་སྔར་ལས་མང་བོ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན། ཁཱ་ནཱ་ཏཱའི་མིན་ཐི་ལེ་ཡཱ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་བའི་དུས་རིམ་གཉིས་པའི་གྲོས་ཚོགས་མ་བསྡུས་གོང་གི་དགའ་བསུའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ། 

2.jpg

ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན། ཁཱ་ནཱ་ཏཱའི་མིན་ཐི་ལེ་ཡཱ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་བའི་དུས་རིམ་གཉིས་པའི་གྲོས་ཚོགས་མ་བསྡུས་གོང་གི་དགའ་བསུའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དྲུག་ཉིན་ཁཱ་ནཱ་ཏཱའི་མིན་ཐི་ལེ་ཡཱ་ནས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་མ་དངུལ་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་འཛམ་གླིང་གི་རང་བྱུང་ལོངས་སྤྱོད་ཀྱི་སྲུང་སྐྱོབ་མཁན་དུ་འགྱུར་བར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་བའི་དུས་རིམ་གཉིས་པའི་གྲོས་ཚོགས་མ་བསྡུས་གོང་གི་དགའ་བསུའི་མཛད་སྒོའི་སྟེང་ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཚོད་དཔག་བྱས་པ་ལྟར་ན། ཉིས་སྟོང་སུམ་ཅུ་ལོའི་བར་འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་མ་ལག་ཞན་འགྱུར་དུ་སོང་བ་ལས་ལོ་རེར་མེ་སྒོར་ཁྲག་ཁྲིག་ཆེན་མོ་གསུམ་གྱི་གྱོང་གུད་བཟོ་སྲིད་པ་དང་། ཐེངས་འདིའི་ཚོགས་ཆེན་ནས་ཉིས་སྟོང་ཉི་ཤུ་ལོའི་རྗེས་ཀྱི་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྒྲོམ་གཞིར་གྲོས་མཐུན་འགོད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་ངེས་པར་དུ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་ནོར་སྲིད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ལ། ང་ཚོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ཁེར་རྐྱང་དུ་འགན་འཁྲི་དེ་ཁུར་དུ་ལེན་ཐུབ་པར་རེ་བལྟོས་བྱེད་མི་རུང་ཟེར། ཁོས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་དངུལ་ལོར་ལས་ཁུངས་དང་ཕྱོགས་མང་བོའི་གསར་སྤེལ་དངུལ་ཁང་གིས་རང་གི་མཉམ་འབྲེལ་དངུལ་གཏོང་ལས་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་དང་རྒྱུན་མཐུད་བེད་སྤྱོད་ལ་ཁག་ཐེག་བྱེད་དགོས་ཟེར། 

ཁོས་ད་རུང་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ངེས་པར་དུ་སྡེ་ཁག་བརྒལ་བའི་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱས་ཏེ། ནོར་སྲིད་ཀྱི་ཁ་གསབ་དང་ཁྲལ་དངུལ་ཇེ་ཉུང་དུ་གཏོང་བའི་གཙོ་གནད་དེ་རང་བྱུང་གི་གཏོར་བརླག་རྣམ་པའི་བྱ་འགུལ་ནས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ལ་རྒྱབ་སྐྱོར་བྱེད་པ་དང་། འགྱིག་ཤོག་གི་བེད་སྤྱོད་ཇེ་ཉུང་དུ་གཏོང་བ་སོགས་ལྷད་མེད་ཐག་གཅོད་ཇུས་གཞིའི་སྟེང་བསྒྱུར་དགོས་ལ། གཞིས་སྡོད་མི་དམངས་དང་ས་གནས་སྡོད་ཁུལ་གྱི་ཁེ་ཕན་ཁས་ལེན་དང་དེར་སྲུང་སྐྱོབ་བྱེད་དགོས་ཏེ། རྒྱུ་མཚན་ནི་ཁོ་ཚོ་ནི་སྐྱེ་དངོས་སྣ་མང་ཅན་གྱི་ཆེས་ཕན་ནུས་ལྡན་པའི་སྲུང་སྐྱོབ་མཁན་ཡིན་པས་རེད། དེ་ལས་གཞན་སྒེར་གཉེར་སྡེ་ཁག་གིས་ངེས་པར་དུ་རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ་ནི་དེར་འཚམ་པའི་ཆེས་ཆེ་བའི་ཁེ་ཕན་ཡིན་པ་ངོས་ཟིན་དགོས་ཟེར། 

ཁཱ་ནཱ་ཏཱའི་ཙུང་ལི་ཐི་ལུའུ་ཏའོ་ཡང་དགའ་བསུའི་མཛད་སྒོར་ཞུགས་ཏེ། ཁཱ་ནཱ་ཏཱ་ཡིས་ཉིས་སྟོང་ཉི་ཤུ་ལོའི་རྗེས་ཀྱི་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྒྲོམ་གཞིར་གྲོས་འཆམ་འབྱུང་བར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན། 

སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་བའི་དུས་རིམ་གཉིས་པའི་གྲོས་ཚོགས་དེ་ཚེས་བདུན་ཉིན་ནས་ཚེས་བཅུ་དགུའི་ཉིན་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་ཀྱི་དྲུང་ཡིག་ཁྲུའུ་ཡོད་སའི་མིན་ཐི་ལེ་ཡཱ་ནས་འཚོག་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་གྲོས་ཚོགས་དེ་ནས་ཉིས་སྟོང་ཉི་ཤུ་ལོའི་རྗེས་ཀྱི་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྒྲོམ་གཞིར་གྲོས་མཐུན་འགོད་རྒྱུ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།