ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཀེན་ཐིན་ནུབ་བྱང་རྒྱུད་དུ་ས་ཡོམ་རིམ་པ5.0བརྒྱབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས4ཉིན་གྱི་ཕྱི་དྲོར། ཨ་ཀེན་ཐིན་ནུབ་བྱང་རྒྱུད་ཀྱི་ཁ་ཐ་མ་ཁ་ཞིང་ཆེན་དུ་ས་ཡོམ་རིམ་པ5.0བརྒྱབ་ཅིང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་ཐེབས་པའི་སྙན་ཞུ་ཅི་ཡང་འབྱོར་མེད་པ་རེད། 

ཨ་ཀེན་ཐིན་རྒྱལ་ཁབ་ས་ཡོམ་སྔོན་འགོག་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ས་ཡོམ་དེ་ས་གནས་དེ་གའི་ཆུ་ཚོད18དང་སྐར་མ4(པེ་ཅིང་གི་དུས་ཚོད་ཚེས5ཉིན་གྱི་ཆུ་ཚོད5དང་སྐར་མ4) ཡི་སྟེང་བྱུང་ཞིང་། ཡོམ་ལྟེ་ནི་འཕྲེད་ཐིག་ལྷོ་མའི་ཏུའུ27.9དང་གཞུང་ཐིག་ནུབ་མའི་ཏུའུ66.6ཏུ་གནས་ཤིང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ205ཡིན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།