ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་རྒྱལ་ཁབ་ཀྱི་བྱང་ཕྱོགས་སུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་མི10ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས1ཉིན་ཨེ་ཅིབ་རྒྱལ་ཁབ་ཀྱི་བྱང་ཕྱོགས་པུའུ་ཧེ་ལ་ཞིང་ཆེན་དུ་ཕི་ཁཱ་རླངས་འཁོར་ཞིག་དང་འདྲུད་འཐེན་འཁོར་ལོ་ཞིག་མྱུར་བགྲོད་གཞུང་ལམ་སྟེང་གདོང་ཐུག་བརྒྱབ་སྟེ་མི10ཚེ་ལས་འདས་པ་དང་མི2ལ་རྨས་ཕོག

ཨེ་ཅིབ་རྒྱལ་ཁབ་པུའུ་ཧེ་ལ་ཞིང་ཆེན་མྱུར་སྐྱོབ་རླངས་འཁོར་དོ་དམ་ལྟེ་གནས་ཀྱི་འགན་འཁུར་བས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲིར་དང་ལེན་བྱེད་སྐབས། ཞིང་བ10བསྡད་ཡོད་པའི་ཕི་ཁཱ་རླངས་འཁོར་ཞིག་ཐག་མི་རིང་བའི་སིལ་ཏོག་ཞིང་རར་བསྐྱོད་སྐབས་ཐེངས་འདིའི་དོན་རྐྱེན་བྱུང་བ་ཡིན་པས་ཞིང་བ10པོ་རྐྱེན་ལམ་དུ་ཤོར་ཞིང་། ཕི་ཁཱ་རླངས་འཁོར་དང་འདྲུད་འཐེན་འཁོར་ལོའི་ཁ་ལོ་བ་ལའང་རྨས་སྐྱོན་ཕོག་ཡོད་པར་བཤད།

གཞུང་ལམ་གྱི་སྤུས་ཚད་ཞན་པ་དང་ཁ་ལོ་བར་འགྲིམ་འགྲུལ་སྒྲིག་སྲོལ་གྱི་འདུ་ཤེས་ཞན་པའི་རྐྱེན་གྱིས་ཨེ་ཅིབ་དུ་འགྲིམ་འགྲུལ་དོན་རྐྱེན་ཡང་ཡང་བྱུང་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།