ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཕཱ་ལེ་སི་ཐན་གྱི་མི་གསུམ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཞི་པའོ་ལོན་བྱང་ངོས་ཀྱི་པེད་ཐི་ཝུའུ་མེད་ཨར་ནས། མི་རྣམས་དབྱི་སི་རལ་གྱི་དམག་དཔུང་གིས་བསད་པའི་ཕཱ་ལེ་སི་ཐན་གྱི་མིའི་དུར་འཇུག་མཛད་སྒོའི་སྟེང་ངུ་བཞིན་པ། 

2.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཞི་པའོ་ལོན་བྱང་ངོས་ཀྱི་པེད་ཐི་ཝུའུ་མེད་ཨར་ནས། མི་རྣམས་ཀྱིས་དབྱི་སི་རལ་གྱི་དམག་དཔུང་གིས་བསད་པའི་ཕཱ་ལེ་སི་ཐན་གྱི་མིར་དུར་འཇུག་བྱེད་བཞིན་པ། 

3.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཞི་པའོ་ལོན་བྱང་ངོས་ཀྱི་པེད་ཐི་ཝུའུ་མེད་ཨར་ནས། མི་རྣམས་ཀྱིས་དབྱི་སི་རལ་གྱི་དམག་དཔུང་གིས་བསད་པའི་ཕཱ་ལེ་སི་ཐན་གྱི་མིར་དུར་འཇུག་བྱེད་བཞིན་པ། 

4.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཞི་པའོ་ལོན་བྱང་ངོས་ཀྱི་པེད་ཐི་ཝུའུ་མེད་ཨར་ནས། མི་རྣམས་ཀྱིས་དབྱི་སི་རལ་གྱི་དམག་དཔུང་གིས་བསད་པའི་ཕཱ་ལེ་སི་ཐན་གྱི་མིར་དུར་འཇུག་བྱེད་བཞིན་པ། 

ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་ལཱ་མུའུ་ཨན་ལཱ་དང་ཞི་པའོ་ལོན་ནས་དབྱི་སི་རལ་གྱི་དམག་དཔུང་དང་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་སྟེ། ཕཱ་ལེ་སི་ཐན་གྱི་མི་གསུམ་ས་ཁུལ་གཉིས་ཀྱི་འཁྲུག་རྩོད་ཁྲོད་དབྱི་སི་རལ་གྱི་དམག་དཔུང་གིས་མེ་མདས་བརྒྱབ་སྟེ་བསད་པ་རེད། 

ཕཱ་ལེ་སི་ཐན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་མུའུ་ཨན་ལཱའི་ནུབ་བྱང་ཕྱོགས་ཀྱི་གྲོང་སྡེ་ཞིག་ཏུ་སྔོག་བཤེར་འགུལ་སྐྱོད་སྤེལ་སྐབས། ས་དེའི་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་སྟེ། ཕཱ་ལེ་སི་ཐན་གྱི་ན་གཞོན་གཉིས་འཁྲུག་རྩོད་ཁྲོད་དབྱི་སི་རལ་གྱི་དམག་གི་མེ་མདའ་ཕོག་པས། སྨན་ཁང་དུ་བསྐྱལ་ཡང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་བ་རེད་ཟེར། 

གཞན་ཡང་ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཉིན་དེར་ཞི་པའོ་ལོན་ནས་དབྱི་སི་རལ་གྱི་དམག་དཔུང་དང་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་སྟེ། ལོ་ཞེ་བཞི་ཅན་གྱི་ཕཱ་ལེ་སི་ཐན་གྱི་མི་ཞིག་གི་མགོར་མེ་མདའ་ཕོག་ནས་ཤི་བ་དང་། གཞན་ཡང་མི་བརྒྱད་ལ་རྨས་ཕོག་ཟེར། 

ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ས་ཁུལ་གནས་བབ་ཉེ་སྔོན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ས་ཁུལ་མང་བོར་སྔོག་བཤེར་འགུལ་སྐྱོད་སྤེལ་ནས། ས་དེའི་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་སྟེ་ཤི་རྨས་ཐེབས་ཡོད་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།