ཀྲུང་གོ་བོད་ཀྱི་དྲ་བ།

ཁ་མེ་ལུང་རྒྱལ་ཁབ་ཀྱི་རྒྱལ་ས་ཡཱ་ཝུན་ཏི་རུ་རི་ཉིལ་བའི་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི14ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས27ཉིན།  ཁ་མེ་ལུང་རྒྱལ་ཁབ་ཀྱི་རྒྱལ་ས་ཡཱ་ཝུན་ཏི་རུ་རི་ཉིལ་བའི་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི14ཚེ་ལས་འདས། 

ཁ་མེ་ལུང་དབུས་རྒྱུད་ས་ཁུལ་གྱི་ཆུས་ཀྲང་པེ་ཡ་ཡིས་ཉིན་དེར་ཁ་མེ་ལུང་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ལ་དོན་རྐྱེན་བྱུང་ཡུལ་དུ་དུས་དེར་འདས་མཆོད་སྒྲུབ་བཞིན་ཡོད་པར་བཤད། རྒྱུས་ལོན་ལྟར་ན། ས་གནས་དེ་གའི་གྲོང་མིས་རི་འབུར་ཞིག་གི་ཉེ་འགྲམ་དུ་འདས་མཆོད་སྒྲུབ་བཞིན་པའི་སྐབས་གློ་བུར་དུ་རི་ཉིལ་ནས་དེར་ཡོད་ཀྱི་མི་ཚོགས་ཚང་མ་ས་འོག་ཏུ་མནན།

གཞན་ཁ་མེ་ལུང་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས། འཚོལ་སྐྱོབ་མི་སྣས་ཡུལ་དངོས་ནས་རོགས་སྐྱོབ་བྱེད་བཞིན་ཡོད་ལ། ཚེ་འདས་མི་གྲངས་སྔར་ལས་ཇེ་མང་དུ་འཕར་སྲིད་ཅེས་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།