ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཨར་ཏའོ་ཨན་གྱིས་ཐུར་ཁེ་ཡིས་སི་རི་ཡཱ་ནས་ཁུའུ་ཨར་ཏི་དྲག་ཆས་པའི་བར་ས་ངོས་འགུལ་སྐྱོད་སྤེལ་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་དུས་ཚོད་འོས་འཚམ་གྱི་སྐབས་སུ་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་འགྲོ་འདུག་བྱེད་པའི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་ལ་ས་ངོས་ནས་དམག་དོན་འགུལ་སྐྱོད་སྤེལ་ཏེ། ཐུར་ཁེའི་ལྷོ་ཕྱོགས་མཐའ་མཚམས་དང་འདབས་འབྲེལ་དུ་ཡོད་པའི་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་བདེ་འཇགས་ས་ཁུལ་ཞིག་འཛུགས་པར་སྟབས་བདེ་བཟོ་རྒྱུ་ཡིན། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་སྲིད་འཛིན་ཏང་དྲང་བདེན་དང་འཕེལ་རྒྱས་ཏང་གི་གྲོས་ཁང་ཏང་ཚོགས་ཀྱི་གྲོས་ཚོགས་སྟེང་བཤད་རྒྱུར། ཐུར་ཁེ་ཡིས་དེའི་སྔོན་གནམ་གྲུ་དང་མེ་སྒྱོགས། མི་བསྡད་མེད་པའི་གནམ་གྲུ་སོགས་བཀོལ་ནས་འཇབ་རྒོལ་འགུལ་སྐྱོད་སྤེལ་བ་དེ་ནི་མགོ་བརྩམས་པ་ཙམ་ཡིན་ལ། ཐུར་ཁེ་ཡིས་རིམ་བཞིན་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་ཐེ་ལེ་ལི་ཧྥ་ཐི་དང་མན་པུས་ཅི་ནས་ཨེ་ཡུན་ཨ་རབ་བར་གྱི་དྲག་ཆས་མི་སྣ་ཚར་གཅོད་བྱེད་རྒྱུ་ཡིན། 

ཐུར་ཁེའི་དམག་དཔུང་གིས་ཚེས་ཉི་ཤུ་ཉིན་དབྱི་རག་དང་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་དང་མི་དམངས་སྲུང་སྐྱོབ་དམག་དཔུང་གི་རྟེན་གཞིར་བར་སྣང་འཇབ་རྒོལ་འགུལ་སྐྱོད་སྤེལ་བ་རེད། ཐེངས་འདིའི་འཇབ་རྒོལ་འགུལ་སྐྱོད་དེ་ནི་ཟླ་འདིའི་ཚེས་བཅུ་གསུམ་ཉིན་ཐུར་ཁེའི་ཆེས་ཆེ་བའི་གྲོང་ཁྱེར་དབྱི་སི་ཐན་པོར་ནས་བྱུང་བའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་འཁོན་ལན་སློག་པའི་ཆེད་དུ་ཡིན་པར་བསམ་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།