ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་མཉམ་ལས་བྱས་ཏེ་ལའོ་ཝའོ་ནས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞིའི་རྣམ་གྲངས་ལག་བསྟར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐེབས་རྩ་ཚོགས་པ་བརྒྱུད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་བར་མཉམ་ལས་བྱས་ནས། ལའོ་ཝའོ་ལ་འབྲུ་རིགས་རོགས་སྐྱོར་འདོན་སྤྲོད་བྱེད་པའི་རྣམ་གྲངས་མགོ་རྩོམ་པའི་མཛད་སྒོ་དེ་ཚེས་ཉེར་གཉིས་ཉིན་ལའོ་ཝའོ་ཡི་རྒྱལ་ས་ཝན་ཞང་ནས་སྤེལ། 

འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞིས་ལའོ་ཝའོ་ནས་དངོས་འབེབས་བྱས་པའི་རྣམ་གྲངས་ཐོག་མ་ཡིན་པའི་ཆ་ནས། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་དང་ལའོ་ཝའོ་ཡི་སློབ་གསོ་དང་ལུས་རྩལ་པུའུ་ཡི་རྒྱལ་ཁབ་ཀྱི་སློབ་རའི་བཟའ་བཏུང་འཆར་གཞིའི་ཐད་འབྲས་ཏུན་དགུ་བརྒྱ་དང་སུམ་ཅུ་དང་ཉ་ཤ་བསྙལ་མ་ཏུན་བརྒྱ་དང་ཉི་ཤུའི་རོགས་སྐྱོར་བྱས་ཏེ། ལའོ་ཝའོ་ཡི་ཞིང་ཆེན་བརྒྱད་ཀྱི་སློབ་ཆུང་སྟོང་གཅིག་དང་བཞི་བརྒྱ་ལྷག་གི་སློབ་མ་འབུམ་གཅིག་དང་ཁྲི་གསུམ་ལྷག་ལ་སློབ་རའི་བཟའ་བཏུང་འདོན་སྤྲོད་བྱས་པ་དང་། ལའོ་ཝའོ་ཡི་རྨང་གཞིའི་སློབ་གསོའི་འཕེལ་རྒྱས་དང་བྱིས་པའི་འཚོ་བཅུད་འགན་སྲུང་ཐད་རོགས་འདེགས་བྱས། 

ལའོ་ཝའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་དབུ་བཞུགས་དཔོན་པོ་ཞང་ཧྥང་ཆང་གིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུང་གོའི་མགོ་ཁྲིད་པས་བཏོན་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དེས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་གཙོ་བོར་བཟུང་ཡོད་ཅིང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་མདུན་དུ་ལྷགས་པའི་བྲེལ་མྱུར་གནད་དོན་ཐག་གཅོད་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་ལ། སྒོ་འབྱེད་དང་བཟོད་སྒོམ་ལྡན་པའི་འཛམ་གླིང་ཡོངས་ཀྱི་སྤྱི་བའི་ཐོན་རྫས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་ཁུངས་དང་མཉམ་དུ་ལའོ་ཝའོ་ཡི་རྒྱུན་མཐུད་འཕེལ་རྒྱས་དང་དམངས་འཚོའི་འགན་སྲུང་ལ་རྒྱབ་སྐྱོར་བྱས་ཏེ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་མཉམ་ལས་ལས་དོན་ཐད་བྱས་རྗེས་འཇོག་རྒྱུ་ཡིན་ཟེར། 

ལའོ་ཝའོ་ཡི་སློབ་གསོ་དང་ལུས་རྩལ་པུའུ་ཡི་པུའུ་ཀྲང་ཞིན་མཱ་ལཱ་ཧྥུན་དང་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ལའོ་ཝའོ་རུ་སྡོད་པའི་འཐུས་མི་ཏི་ཨར་པཱ་ཨར་གཉིས་ཀྱིས་ཞུ་ཚིག་འབུལ་སྐབས་ཀྲུང་གོས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་བཏོན་པར་གཟེངས་བསྟོད་བྱས་པ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐེབས་རྩ་ཚོགས་པས་ལའོ་ཝའོ་ཡི་སློབ་གསོ་དང་དབུལ་སེལ་བྱ་བའི་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞིའི་སྒྲོམ་གཞིའི་འོག་མུ་མཐུད་དུ་ཀྲུང་གོའི་རྒྱབ་སྐྱོར་ཐོབ་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་ཆེད་ལས་ནུས་པ་དང་ཟུང་འབྲེལ་བྱས་ཏེ། མཉམ་དུ་ལའོ་ཝའོ་ཡི་དབུལ་སེལ་དང་སློབ་གསོ་སོགས་རྨང་གཞིའི་དམངས་འཚོའི་ལས་དོན་གྱི་འཕེལ་རྒྱས་ཐད་ནུས་པ་འདོན་པར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།