ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཡིས“མེ་ལྕེ་དྲག་པོ-3”རྟགས་ཅན་གྱི་འབྲིང་རིམ་མདེལ་ལམ་འཕུར་མདའ་ཞིག་འཕེན་གཏོང་བྱས་པ་ལེགས་འགྲུབ་བྱུང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས23ཉིན། ཧིན་རྡུའི་རྒྱལ་སྲུང་པུའུ་ཡིས་གསལ་བསྒྲགས་སྤེལ་དོན། ཧིན་རྡུ་ཡིས་ཉིན་དེར་ཧིན་རྡུ་རྒྱལ་ཁབ་ཤར་ལྷོ་ཕྱོགས་ཀྱི་ཨའོ་ཏི་ཧྲ་པང་ཨ་པའུ་ཏུའུ་ལི·ཁཱ་ལ་མུའུ་པའོ་ཧྲི་གླིང་ཕྲན་ནས“མེ་ལྕེ་དྲག་པོ-3”རྟགས་ཅན་གྱི་འབྲིང་རིམ་མདེལ་ལམ་འཕུར་མདའ་ཞིག་འཕེན་གཏོང་བྱས་པ་ལེགས་འགྲུབ་བྱུང་། 

གསལ་བསྒྲགས་ནང་། ཐེངས་འདིའི་ཚོད་ལྟ་ནི་འཐབ་ཇུས་དམག་དཔུང་དམག་སྤྱི་པུའུ་ཡིས་གཙོ་སྐྱོང་འོག་སྤེལ་བ་ཡིན་ལ། འཕུར་མདའི་མ་ལག་གི་འཁོར་སྐྱོད་གཞི་གྲངས་ཡོད་ཚད་ལ་ཞིབ་བཤེར་ར་སྤྲོད་བྱས་པ་རེད་ཟེར།

གཞི་གྲངས་ལས་མངོན་པ་ལྟར་ན། “མེ་ལྕེ་དྲག་པོ-3”རྟགས་ཅན་གྱི་འཕུར་མདའ་ནི་ཧིན་རྡུ་རྒྱལ་སྲུང་ཞིབ་འཇུག་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་རང་ནུས་ཞིབ་འཇུག་གསར་སྤེལ་བྱས་པའི་འཕུར་མདའ་ཞིག་སྟེ་འཕུར་སྐྱོད་གྱི་ལམ་ཚད་སྤྱི་ལེ3000ནས5000བར་ཡིན་ལ། 2011ལོར་དམག་དཔུང་ནས་སྒྲིག་སྦྱོར་བྱས།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།