ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡའི་ཞི་ཀྲ་བ་ཞིང་ཆེན་གྱི་ས་ཡོམ་ལས་མི162ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 པར་འདི་ནི་ཟླ11པའི་ཚེས21ཉིན་ཧིན་རྡུ་ཉི་ཞི་ཡའི་ཞི་ཀྲ་བ་ཞིང་ཆེན་ཀྲན་ཡུས་ས་ཁུལ་དུ་པར་བླངས་པའི་གནོད་ཐེབས་ཁང་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས21ཉིན། ཧིན་རྡུ་ཉི་ཞི་ཡའི་ཞི་ཀྲ་བ་ཞིང་ཆེན་ཀྲན་ཡུས་ས་ཁུལ་གྱི་འཕྲལ་བསྟུན་སྡེ་ཁག་གིས་བཤད་པ་ལྟར་ན། ཉིན་དེར་བྱུང་བའི་ཚད་རིམ5.6ཅན་གྱི་ས་ཡོམ་ལས་མི162ཚེ་ལས་འདས། 

ཧིན་རྡུ་ཉི་ཞི་ཡའི་གནམ་ཟླ་དང་གནམ་གཤིས། སའི་གོ་ལའི་དངོས་ལུགས་ཅུའུ་ཡི་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་ས་ཡོམ་ཡཱ་ཅ་ཏའི་དུས་ཚོད13དང་སྐར་མ21(པེ་ཅིང་གི་དུས་ཚོད14དང་སྐར་མ21)ཐོག་བྱུང་བ་དང་། ཡོམ་ལྟེ་དེ་ཀྲན་ཡུས་ས་ཁུལ་གྱི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ10མཚམས་སུ་གནས་ཤིང་། ཡོམ་ལྟེའི་གཏིང་ཚད་སྤྱི་ལེ10ཡིན། 

 པར་འདི་ནི་ཟླ11པའི་ཚེས21ཉིན་ཧིན་རྡུ་ཉི་ཞི་ཡའི་ཞི་ཀྲ་བ་ཞིང་ཆེན་ཀྲན་ཡུས་ས་ཁུལ་གྱི་གནོད་ཐེབས་མང་ཚོགས་རྣམས་ཕྱི་རོལ་དུ་ངལ་གསོ་བཞིན་པའི་རྣམ་པ་རེད།

ཀྲན་ཡུས་ས་ཁུལ་འཕྲལ་བསྟུན་སྡེ་ཁག་གིས་འདོན་སྤྲོད་བྱས་པའི་གནས་ཚུལ་གསར་ཤོས་ལྟར་ན། ཐེངས་འདིིའི་ས་ཡོམ་ཁྲོད་མི162ཚེ་ལས་འདས་ཤིང་། དེའི་ཁྲོད་ཀྱི་མི100ནི་ས་འགུལ་གྱིས་རི་ཉིལ་བ་ལས་ཚེ་སྲོག་ཤོར་བ་རེད། མི་ཁྲི་ལྷག་རང་ཁྱིམ་དང་བྲལ་ནས་ཉེན་གཡོལ་བྱེད་དགོས་བྱུང་། 

ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་གནོད་འགོག་ལས་ཁུངས་ཀྱིས་གནོད་ཐེབས་ཆེས་ཚབས་ཆེ་བའི་ས་ཁུལ་དུ་སྨན་རྫས་དང་ཟས་རིགས་འདོན་སྤྲོད་བྱེད་པའི་རོགས་སྐྱོར་ས་ཚིགས47བཙུགས་ཤིང་། མིག་སྔར་རོགས་སྐྱོབ་ལས་དོན་སྤེལ་བཞིན་ཡོད།

 པར་འདི་ནི་ཟླ11པའི་ཚེས21ཉིན་ཧིན་རྡུ་ཉི་ཞི་ཡའི་ཡཱ་ཅ་ཏའི་མི་རྣམས་ཕྱི་རོལ་དུ་ཉེན་གཡོལ་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ11པའི་ཚེས21ཉིན་ཧིན་རྡུ་ཉི་ཞི་ཡའི་ཡཱ་ཅ་ཏའི་མི་རྣམས་ཕྱི་རོལ་དུ་ཉེན་གཡོལ་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ11པའི་ཚེས21ཉིན་ཧིན་རྡུ་ཉི་ཞི་ཡའི་ཞི་ཀྲ་བ་ཞིང་ཆེན་ཀྲན་ཡུས་ས་ཁུལ་དུ་པར་བླངས་པའི་གནོད་ཐེབས་ཁང་པ་རེད།

པར་འདི་ནི་ཟླ11པའི་ཚེས21ཉིན་ཧིན་རྡུ་ཉི་ཞི་ཡའི་ཞི་ཀྲ་བ་ཞིང་ཆེན་ཀྲན་ཡུས་ས་ཁུལ་དུ་པར་བླངས་པའི་གནོད་ཐེབས་ཁང་པ་རེད།

པར་འདི་ནི་ཟླ11པའི་ཚེས21ཉིན་སྨན་བཅོས་ལས་དོན་པས་ཧིན་རྡུ་ཉི་ཞི་ཡའི་ཞི་ཀྲ་བ་ཞིང་ཆེན་ཀྲན་ཡུས་ས་ཁུལ་དུ་རྨས་མ་བརྒྱུད་འདྲེན་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ11པའི་ཚེས21ཉིན་འཚོལ་སྐྱོབ་ལས་དོན་པས་ཧིན་རྡུ་ཉི་ཞི་ཡའི་ཞི་ཀྲ་བ་ཞིང་ཆེན་ཀྲན་ཡུས་ས་ཁུལ་དུ་རོགས་སྐྱོབ་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ11པའི་ཚེས21ཉིན་སྨན་བཅོས་ལས་དོན་པས་ཧིན་རྡུ་ཉི་ཞི་ཡའི་ཞི་ཀྲ་བ་ཞིང་ཆེན་ཀྲན་ཡུས་ས་ཁུལ་དུ་རྨས་མར་སྨན་བཅོས་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ11པའི་ཚེས21ཉིན་ཧིན་རྡུ་ཉི་ཞི་ཡའི་ཞི་ཀྲ་བ་ཞིང་ཆེན་ཀྲན་ཡུས་ས་ཁུལ་དུ་པར་བླངས་པའི་ཁྲོམ་སྲང་གི་རྣམ་པ་རེད།

པར་འདི་ནི་ཟླ11པའི་ཚེས21ཉིན་སྨན་བཅོས་ལས་དོན་པས་ཧིན་རྡུ་ཉི་ཞི་ཡའི་ཞི་ཀྲ་བ་ཞིང་ཆེན་ཀྲན་ཡུས་ས་ཁུལ་དུ་རྨས་མར་སྨན་བཅོས་བྱེད་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།