ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཨ་སི་ཐཱ་ནཱའི་འདེམ་ཤོག་འཕེན་ས་ཞིག་ཏུ་འདེམ་ཤོག་འཕེན་བཞིན་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧཱ་སག་སི་ཐན་གྱིས་ཚེས་ཉི་ཤུ་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ད་ལྟའི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་བཅས་པའི་འདེམ་སྒུག་མི་སྣ་དྲུག་ཞུགས་ཡོད།
ཧཱ་སག་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཧཱ་སག་སི་ཐན་རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་འདེམ་དམངས་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་དགུ་ཁྲི་ལྔ་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བསྡོམས་པས་འདེམ་ཤོག་འཕེན་ས་ཁྲི་གཅིག་ལྷག་བཀོད་སྒྲིག་བྱས་ཡོད་ཟེར། འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་ཉི་ཤུ་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་ནས་མགོ་བརྩམས་པ་དང་། དགོང་མོའི་དུས་ཚོད་བརྒྱད་སྟེང་མཇུག་སྒྲིལ་བ་རེད།
ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཨ་སི་ཐཱ་ནཱ་གྲོང་ཁྱེར་གྱི་འདེམ་ཤོག་འཕེན་ས་ཞིག་ནས་འདེམ་ཤོག་འཕངས་རྗེས་བསྟན་དོན། ཙུང་ཐུང་འདེམ་བསྐོའི་རྗེས་སུ། ཧཱ་སག་སི་ཐན་སྲིད་གཞུང་གིས་མུ་མཐུད་དུ་རྒྱལ་ནང་གི་ཆབ་སྲིད་དང་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དང་། ཕྱི་ཕྱོགས་ནས་མུ་མཐུད་དུ་ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར། །