ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་བཀའ་རྒྱ་བཀོད་དེ་ཁི་ལི་མུས་ཡཱའི་ཟམ་ཆེན་སོགས་སྒྲིག་ཆས་ཀྱི་སྲུང་སྐྱོབ་ལ་ཤུགས་སྣོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་བཅུ་བའི་ཚེས་བརྒྱད་ཉིན། ཁི་ལི་མུས་ཡཱའི་ཟམ་ཆེན་སྟེང་དུ་རླངས་འཁོར་བགྲོད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཚེས་བརྒྱད་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་བཀའ་རྒྱ་བཀོད་དེ། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཁི་ལི་མུས་ཡཱའི་ཟམ་ཆེན་སོགས་སྒྲིག་ཆས་ཀྱི་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པའི་དབང་ཆ་བསྩལ། 

བཀའ་རྒྱ་ལྟར་ན། ཕུའུ་ཅིན་གྱིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཨུ་རུ་སིའི་ས་ཁོངས་ནས་ཁི་ལི་མུས་ཡཱ་ཕྱེད་གླིང་བར་གྱི་གློག་འདྲེན་གློག་དྲ་དང་། ཁི་ལཱ་སི་ནོའུ་ཏཱ་ཨར་མཐའ་མཚམས་ས་ཁུལ་ནས་ཁི་ལི་མུས་ཡཱ་ཕྱེད་གླིང་བར་གྱི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བྱེད་པའི་དབང་ཆ་བསྩལ། ཙུང་ཐུང་གི་བཀའ་རྒྱ་དེ་མིང་བཀོད་པའི་ཉིན་ནས་བཟུང་ནུས་ལྡན་དུ་གྱུར་བ་རེད། ཙུང་ཐུང་གི་བཀའ་རྒྱ་ལས་བཤད་རྒྱུར། བྱ་སྤྱོད་དེ་ནི་ཁི་ཧི་མཚོ་འགག་བརྒྱུད་པའི་སྐྱེལ་འདྲེན་རྒྱུ་ལམ་དང་གློག་འདྲེན་ལམ་ཐིག རང་བྱུང་སོལ་རླངས་ཀྱི་སྦུག་ལམ་བཅས་ཀྱི་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པའི་ཆེད་དུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།