ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཁི་ལི་མུས་ཡཱའི་ཟམ་ཆེན་ལ་འགས་གཏོར་བྱུང་བ་ནི་ཝུའུ་ཁི་ལན་ཕྱོགས་ཀྱིས་འཆར་འགོད་བྱས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་དགུ་ཉིན་ཨུ་རུ་སིའི་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་སི་ཐི་ལོས་ཅིན་གྱི་ཁི་ལི་མུས་ཡཱ་ཟམ་ཆེན་གྱི་འགས་གཏོད་དོན་རྐྱེན་སྐོར་གྱི་རྟོག་ཞིབ་ལ་ཉན་རྗེས་བསྟན་དོན། ཁི་ལི་མུས་ཡཱ་ཟམ་ཆེན་ལ་ཚེས་བརྒྱད་ཉིན་བྱུང་བའི་འགས་གཏོར་དོན་རྐྱེན་དེ་ནི་ཝུའུ་ཁི་ལན་གྱི་གསང་མྱུལ་བའི་སྡེ་ཁག་གིས་འཆར་འགོད་དང་ལག་བསྟར་བྱས་པ་ཡིན་ལ། དེ་ནི་དམངས་སྤྱོད་ཀྱི་རྨང་གཞིའི་སྒྲིག་ཆས་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་རེད་ཟེར། 

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། པཱ་སི་ཐི་ལོས་ཅིན་གྱིས་ཉིན་དེར་ཕུའུ་ཅིན་དང་གྲོས་མོལ་བྱས་པ་དང་། ཕུའུ་ཅིན་ལ་ཁི་ལི་མུས་ཡཱ་ཟམ་ཆེན་གྱི་འགས་གཏོར་དོན་རྐྱེན་གྱི་རྟོག་ཞིབ་གནས་ཚུལ་སྙན་ཞུ་བྱས། པཱ་སི་ཐི་ལོས་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་མྱུལ་ཞིབ་མི་སྣས་འགས་གཏོར་བྱུང་བའི་དངོས་སྐྱེལ་རླངས་འཁོར་གྱི་འགྲུལ་བཞུད་ལམ་ཐིག་དང་སྐྱེལ་འདྲེན་མི་སྣ་གཏན་འཁེལ་བྱས་ཡོད་པར་མ་ཟད། འཇབ་རྒོལ་དོན་རྐྱེན་དེ་འཆར་འགོད་དང་ལག་བསྟར་བྱེད་མཁན་གྱི་དོགས་ཡོད་ཉེས་ཅན་ངོས་བཟུང་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།