ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འཐུས་ཚབ་ཀྱིས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་གཏམ་བཤད་སྤེལ་ཏེ་འགྲོ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཁམ་ཕུ་ཀྲེའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་རེ་ནེ་ཝའི་དོན་གཅོད་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་སྡོད་པའི་འཐུས་ཚབ་སྟེ་གཞུང་ཚབ་ཆེན་མོ་ཁྲིན་ཞུའུ་ཚེས་ལྔ་ཉིན་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ང་གཅིག་པའི་ཁམ་ཕུ་ཀྲེའི་འགྲོ་མིའི་ཐོབ་ཐང་གནས་ཚུལ་གྱི་དམིགས་བསལ་སྙན་ཞུ་པའི་གྲོས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་ནས། ཁམ་ཕུ་ཀྲེ་ཡིས་འགྲོ་མིའི་ཐོབ་ཐང་ལ་ཡར་སྐུལ་དང་སྲུང་སྐྱོབ་བྱེད་པའི་ཐད་འབད་བརྩོན་བྱས་ཏེ་བླངས་པའི་གྲུབ་འབྲས་ལ་དགའ་བསུ་དང་ཁས་ལེན་བྱས་ལ། འབྲེལ་ཡོད་རྒྱལ་ཁབ་ཀྱིས་འགྲོ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཁམ་ཕུ་ཀྲེའི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་ཁམ་ཕུ་ཀྲེ་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱེལ་བའི་བྱ་སྤྱོད་ལ་ངོ་རྒོལ་བྱས།

ཁྲིན་ཞུའུ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཁམ་ཕུ་ཀྲེ་ཡིས་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་དོན་ཧུར་ཐག་གིས་སྤེལ་ནས། ཆབ་སྲིད་གཏན་འཇགས་དང་དཔལ་འབྱོར་གོང་འཕེལ་སྲུང་འཛིན་བྱས་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་སོང་ལ། འགྲོ་མིའི་ཐོབ་ཐང་སྣ་ཚོགས་ལ་འགན་སྲུང་ནུས་ལྡན་ཐོབ་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཁམ་ཕུ་ཀྲེ་སྲིད་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་བར་དུ་མཉམ་ལས་དམ་པོ་བྱས་པ་དང་། འགོག་སྡོམ་གྱི་བྱེད་ཐབས་ནན་མོ་སྤྱད་ལ། འགོག་ཁབ་རྒྱག་པའི་བྱ་བ་ཧུར་ཐག་གིས་སྤེལ་ནས། ཁམ་ཕུ་ཀྲེའི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་ལ་ནུས་ལྡན་སྒོས་སྲུང་སྐྱོབ་བྱས་ཡོད། ཁམ་ཕུ་ཀྲེ་ཕྱོགས་ཀྱིས་འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱས་ཏེ་བླངས་པའི་གྲུབ་འབྲས་ལ་དགའ་བསུ་དང་ཁས་ལེན་བྱེད་རིན་འདུག་ཟེར།

ཁྲིན་ཞུའུ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་འགྲོ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཁམ་ཕུ་ཀྲེའི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་། ཁམ་ཕུ་ཀྲེའི་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱེལ་བའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ཡིན། ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་གཞི་དང་རྩ་དོན་བརྩི་སྲུང་བྱེད་པ་དང་། ཁམ་ཕུ་ཀྲེའི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བ་བཅས་ལ་བརྩི་བཀུར་བྱེད་པ། ཁམ་ཕུ་ཀྲེའི་མི་དམངས་ཀྱིས་རང་བདག་གིས་བདམས་པའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་བཀུར་བྱེད་པ་དང་། ཁམ་ཕུ་ཀྲེའི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སླར་གསོ། དམངས་ཚིས་ལེགས་སྒྱུར་བཅས་ལ་དངོས་སུ་རོགས་རམ་བྱས་ཏེ། ཁམ་ཕུ་ཀྲེའི་གཏན་འཇགས་འཕེལ་རྒྱས་ལ་ཕན་པ་དང་། ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ལ་ཕན་པའི་དོན་དག་མང་ཙམ་བསྒྲུབ་རྒྱུ་ནི་རེ་བ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།